ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི་དོན་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་ཉེ་སྔོན་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་དོན་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ང་གསུམ་ལ་རྨས་ཕོག་ཟེར།

ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་གནོད་འཚེ་དོ་དམ་སྡེ་ཁག་གི་དཔོན་པོ་ཁུའུ་ལོས་ཞེ་ཡིས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར་གངས་ཉིལ་བའི་དོན་རྐྱེན་ཐེངས་འགའ་བྱུང་སྟེ། ཉུང་མཐར་ཡང་མི་དོན་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་གསུམ་ལ་རྨས་ཕོག་ཡོད། རྨས་མ་དག་གིས་མིག་སྔར་སྨན་ཁང་དུ་གསོ་བཅོས་དང་ལེན་བྱེད་བཞིན་ཡོད་ལ། ཕཱ་ཁི་སི་ཐན་དམག་ཕྱོགས་དང་རྒུད་སྐྱོབ་རྩ་འཛུགས། ས་དེའི་མང་ཚོགས་བཅས་ཀྱིས་མུ་མཐུད་དུ་སྔོག་བཤེར་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། ཟས་རིགས་སོགས་རྒུད་སྐྱོབ་དངོས་རྫས་དག་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་བཞག་ཡོད་ཟེར། 

ཁོས་བཤད་རྒྱུར། གངས་ཉིལ་བའི་དོན་རྐྱེན་མ་བྱུང་བའི་ཡར་སྔོན་དུ་ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་བསྟུད་མར་ཁ་བ་འབབ་བཞིན་ཡོད། ནེ་ལུའུ་མུའུ་གྲོང་རོང་དུ་གངས་ཉིལ་བའི་གནོད་པ་ཚབས་ཆེན་ཐེབས་ཡོད་ལ། བསྡོམས་པས་མི་དོན་གསུམ་རྐྱེན་ལམ་དུ་ཤོར་ཡོད། གངས་ཉིལ་བ་ལས་ད་རུང་ཁང་བ་གྱ་བཞིར་གཏོར་བཤིག་ཐེབས་པ་དང་། ཁང་བ་གོ་བཞིར་གཏོར་བརླག་ཐེབས་ཡོད་ཟེར། 

ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་ཚེས་བཅོ་ལྔ་ཉིན་ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་སོང་ནས་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།