ཀྲུང་གོ་བོད་ཀྱི་དྲ་བ།

ཧྲི་ཝ་པུའུ་ཡིས་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་ཀྱི་འདུ་ཤེས་གསར་བས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་འབྱེད་མཁན་དང་ལག་བསྟར་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྲི་ཝ་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། རྣམ་པ་གསར་བའི་ཁེ་ཕན་ལ་འབྲེལ་བའི་ཕྱོགས་ཀྱི་འདུ་ཤེས་དར་སྤེལ་བྱས་ཏེ། དབུལ་ཕྱུག་གི་བར་ཁྱད་དང་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་ལོ་ཚོགས་དེ་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་སུའེ་ཙེར་གྱི་ཏཱ་བོ་སི་ནས་སྤེལ་རྒྱུ་རེད། སྐབས་འདིའི་ལོ་ཚོགས་ཀྱི་བརྗོད་སྙིང་ནི་འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་དྲིལ་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་པ་དེ་རེད། 

ཧྲི་ཝ་པུའུ་ཡིས་བསྟན་དོན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཐོག་མ་ཉིད་ནས་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་ཀྱི་འདུ་ཤེས་བཏོན་ཏེ། ཚོང་ལས་ལས་རིགས་དང་ཆབ་སྲིད་ལས་རིགས། སྤྱི་དམངས་སྤྱི་ཚོགས་སོགས་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་ཀྱིས་ཕན་ཚུན་འབྲེལ་འདྲིས་བྱེད་དུ་བཅུག་ཡོད་ཟེར། 

གཙོ་སྒྲུབ་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་བརྒྱ་དང་བཅུ་ལྷག་ནས་ཡོང་བའི་ལས་རིགས་སོ་སོའི་མི་སྣ་སྟོང་གསུམ་ཙམ་སྐབས་འདིའི་ལོ་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། གྲོས་ཚོགས་ནས་སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས། ལས་རིགས། ལག་རྩལ། མཐའ་མཚམས་ཀྱི་ཆབ་སྲིད་བཅས་ཁྱབ་ཁོངས་ཆེན་པོ་དྲུག་གི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།