ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པར་ཡིད་འཐད་བྱུང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མའོ་སི་ཁི་ནས་གྲོས་མོལ་བྱས་རྗེས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པར་ཡིད་འཐད་བྱུང་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཚེས་བཅུ་གསུམ་ཉིན་མའོ་སི་ཁི་ནས་སྤེལ་བའི་ལི་པུ་ཡཱའི་གནད་དོན་གྱི་ཕྱོགས་མང་གྲོས་མོལ་གྱི་གྲུབ་འབྲས་གཙོ་བོ་ནི་ཕྱོགས་སོ་སོས་ཡུན་ལ་ཚད་བཀག་མེད་པར་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ཡོད། དེ་ལས་ཉེ་ལམ་པའོ་ལིན་ནས་སྤེལ་རྒྱུ་ཡིན་པའི་ལི་པུ་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་སྣང་ཚུལ་བཟང་བོ་ཞིག་བསྐྲུན་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ད་རུང་བཤད་རྒྱུར། ལི་པུ་ཡཱའི་རྒྱལ་དམངས་དམག་དཔུང་གི་མགོ་ཁྲིད་པ་ཧཱ་ཧྥུའུ་ཐཱ་ཨར་གྱིས་ཚེས་བཅུ་གསུམ་ཉིན་གྲོས་མོལ་བྱེད་སྐབས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཁས་ལེན་བྱེད་ཀྱང་། མིང་འགོད་པར་ཉིན་གཉིས་ཀྱི་དུས་ཚོད་ནང་རྒྱལ་དམངས་དམ་དཔུང་ལ་རྒྱབ་སྐྱོར་བྱེད་པའི་ལི་པུ་ཡཱའི་ཚོ་ཁག་གི་མགོ་གཙོ་དག་དང་མཉམ་དུ་གྲོས་མཐུན་དེར་གྲོས་བསྡུར་བྱེད་དགོས་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།