ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་ཕྱིར་འཐེན་བྱེད་པར་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་གྲོས་མཐུན་ལྟར་ཡེ་མིན་ལྷོ་ཕྱོགས་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཁས་ལེན་བྱས་མེད་ཟེར། 

མིང་བཤད་མི་འདོད་པའི་ཡཱ་ཏེན་ཞིང་ཆེན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུལན་གསར་བ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་མཐུན་བཀོད་རྗེས་ཀྱི་གཟའ་འཁོར་གསུམ་ནང་རང་རང་གི་དམག་དཔུང་དེ་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པ་རེད། ཡིན་ཡང་ཉིན་འགའི་རིང་ལ་ཕྱོགས་གཉིས་ཀྱིས་གྲོས་མཐུན་དེ་ལག་བསྟར་བྱེད་རྒྱུ་ཁས་ལེན་མ་བྱས་པ་དང་། ཡཱ་ཏེན་ཞིང་ཆེན་དང་ཨ་པུས་དབྱང་ཞིང་ཆེན། ཧྲི་པུའུ་བོ་ཞིང་ཆེན་སོགས་ལྷོ་ཕྱོགས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་མུ་མཐུད་དུ་སོར་འཇོག་བྱས་ཡོད།
མིག་སྔར་གནས་བབ་ཅུང་ཛ་དྲག་ཆེ་བ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བས་གྲོས་མཐུན་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱེད་བཞིན་ཡོད། 

ན་ནིང་ཟླ་བརྒྱད་པར། ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་པས་ཡེ་མིན་གྱི་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱས་པ་དང་། ཡཱ་ཏེན་གྲོང་ཁྱེར་གྱི་ཙུང་ཐུང་གི་བཞུགས་ཤག་དང་བཅས་པའི་ལས་ཁུངས་གཙོ་བོ་བཙན་བཟུང་བྱས། དེའི་རྗེས་སུ་ལས་ཁུངས་སྐོར་ཞིག་ཡེ་མིན་སྲིད་གཞུང་ལ་ཕྱིར་སྤྲད། ཕྱོགས་གཉིས་ཀྱིས་ཟླ་དགུ་བའི་ཟླ་མགོར་སོ་ཏི་ཨ་རབ་ནས་ཐད་ཀར་མིན་པའི་གྲོས་མོལ་སྤེལ་བ་དང་། ཟླ་བཅུ་གཅིག་པའི་ཟླ་མགོར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་དབང་ཆའི་བགོ་བཤའི་གྲོས་མཐུན་ཞིག་བཀོད་དེ། མཉམ་དུ་སྲིད་གཞུང་གསར་བ་ཞིག་འཛུགས་པར་ཡིད་འཐད་བྱུང་བར་མ་ཟད། སྲིད་གཞུང་གསར་བས་དམག་དོན་མི་སྣར་གཅིག་གྱུར་བཀོད་འདོམ་བྱེད་རྒྱུའི་ཚུལ་བསྟན། 

ལེ་ཡཱ་ཏིའི་གྲོས་མཐུན་ལག་བསྟར་བྱེད་ཆེད། ཕྱོགས་གཉིས་ཀྱིས་ཟླ་འདིའི་ཚེས་དགུའི་ཉིན་གྲོས་མཐུན་གསར་བ་ཞིག་བཀོད་དེ། ཕྱོགས་གཉིས་ཀྱིས་གཟའ་འཁོར་གསུམ་གྱི་ནང་ཡེ་མིན་ལྷོ་ཕྱོགས་ཀྱི་ཡཱ་ཏེན་དང་ཨ་པུས་དབྱང་། ཧྲི་པུའུ་བོ་སོགས་ཞིང་ཆེན་ནས་རང་རང་གི་བཅའ་སྡོད་དམག་དཔུང་ཕྱིར་འཐེན་བྱས་ནས། ས་ཁུལ་དེ་དག་ནས་ཕན་ཚུན་བར་འགལ་བ་དང་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཐག་བཅད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།