ཁཱ་ཐར་དང་དབྱི་ལིང་གིས་འབྲེལ་འདྲིས་དང་གྲོས་མོལ་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཚེས་བཅུ་གཉིས་ཉིན་དབྱི་ལིང་དུ་འཚམས་འདྲི་བྱས་པ་དང་། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་གྲོས་མོལ་བྱས་ཏེ་ཉེ་སྔོན་གྱི་ས་ཁུལ་གནས་བབ་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དང་གྲོས་མོལ་ལ་ཤུགས་སྣོན་བྱེད་པ་དང་། མཚོ་ཁུགས་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་། 

ཐཱ་མུས་མུའུ་ཡིས་ལུའུ་ཧཱ་ནེ་དང་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔའི་ཛ་དྲག་གི་དུས་སྐབས་སུ། ཁ་ཚ་དགོས་གཏུག་གི་གནད་དོན་ནི་མྱུར་མོར་གྲོས་མོལ་སྤེལ་ཏེ་མིག་སྔའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་དེ་ཡིན་ཟེར། 

ལུའུ་ཧཱ་ནེ་ཡིས་བསྟན་དོན། དབྱི་ལིང་གིས་ཁཱ་ཐར་ལ་ཉིས་སྟོང་བཅུ་བདུན་ལོར་ཨ་རབ་རྒྱལ་ཁབ་ཁག་ཅིག་གི་བཀག་སྡོམ་ཐེབས་རྗེས་དུས་ལྟར་དུ་རོགས་རམ་བྱས་པ་དང་། ཕྱིན་ཆད་མུ་མཐུད་དུ་ཁཱ་ཐར་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།