ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་བཟུང་དམག་ང་གསུམ་བརྗེ་སྤོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་བཟུང་དམག་ང་གསུམ་བརྗེ་སྤོར་བྱས་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དེའི་སྔོན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་བཀོད་པའི་དབང་ཆའི་བགོ་བཤའི་གྲོས་མཐུན་ལྟར་ན། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མཐུན་སྦྱོར་འོག ཡེ་མིན་སྲིད་གཞུང་གིས་ཉིན་དེར་ལྷོ་ཕྱོགས་ཀྱི་ཧྲི་པུའུ་བོ་ཞིང་ཆེན་དུ་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་དམག་དཔུང་གི་ཁོངས་མི་སོ་གསུམ་ཕྱིར་བཏང་། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་གནས་སྐབས་ཀྱི་རྒྱལ་ས་ཡཱ་ཏེན་ནས་ཡེ་མིན་སྲིད་གཞུང་དམག་དཔུང་གི་མི་སྣ་ཉི་ཤུ་ཕྱིར་བཏང་ཟེར། 

དཔོན་རིགས་དེས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་དེ་བར་འདུམ་མཁན་ཡིན་པའི་ཆ་ནས་བཟུང་དམག་སྐོར་དེ་དང་ལེན་བྱས་པ་དང་། དེའི་རྗེས་སུ་བཟུང་དམག་དེ་དག་སོ་སོར་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་དང་ཡེ་མིན་སྲིད་གཞུང་ལ་སྤྲོད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།