དབྱིན་ཇི་དང་འཇར་མན་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་གཉིས་ཉིན་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པར་བརྩོན་ལེན་བྱེད་པའི་དམ་བཅའ་འགྱུར་མི་སྲིད་ཟེར། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མགྲིན་ཚབ་པས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉིན་དེར་ཁ་པར་བརྒྱུད་དེ་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཡའོ་ཧན་ཞོན་དང་མའོ་ཁི་ཨར་གྱིས་བལྟས་ན། དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་མེད་པར་བྱེད་པར་ཁག་ཐེག་བྱེད་པ་དེ་དབྱིན་ཇི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འཚམ་པ་ཡིན་ཟེར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུ་བསྐྱར་སྒྲོག་བྱས། 

མགྲིན་ཚབ་པས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ད་རུང་ལི་པུ་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས་ཤིང་། གྲོས་མོལ་ལ་བརྟེན་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པའི་ལི་པུ་ཡཱའི་ཉམས་ཉེན་ཐག་གཅོད་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་ཚུལ་བསྟན། 

དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་སར་ཕངས་པའི་དོན་རྐྱེན་སོགས་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།