ཨ་མན་གྱི་མགོ་ཁྲིད་པ་གསར་བས་མུ་མཐུད་དུ་སྔོན་ཆད་ཀྱི་རྒྱལ་སྐྱོང་ཐབས་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་མན་གྱི་མགོ་ཁྲིད་པ་གསར་བ་ཧེ་སེ་མུའུ་ཡིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མན་གྱིས་སྔོན་ཆད་ཀྱི་མགོ་ཁྲིད་པ་སེ་དབྱེ་ཏིའི་རྒྱལ་སྐྱོང་ཐབས་ཇུས་རྒྱུན་འཁྱོངས་བྱས་ཏེ་ཨ་མན་གྱི་བསྐྱར་དར་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། 

ཧེ་སེ་མུའུ་ཡིས་ལས་འགན་ཁུར་རྗེས་སྤེལ་བའི་བརྙན་འཕྲིན་གཏམ་བཤད་ཐོག་མའི་ནང་ནན་གྱིས་བསྟན་དོན། ཨ་མན་གྱིས་ས་ཁུལ་དེ་འཁྲུག་རྩོད་དང་རྩོད་གླེང་ལ་རིང་དུ་གྱེས་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཤིང་། དཔལ་འབྱོར་གཞི་གཅིག་ཅན་མངོན་འགྱུར་བྱས་ཏེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ཕན་ཚུན་རོགས་རེས་དང་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཨ་མན་དང་རྒྱལ་ཁབ་གཞན་པ། རྩ་འཛུགས་གཞན་པའི་བར་བཀོད་པའི་མནའ་མཐུན་ཆིངས་ཡིག་ཡོད་ཚད་མུ་མཐུད་དུ་བརྩི་སྲུང་བྱེད་རྒྱུ་ཡིན་ཟེར། 

ཧེ་སེ་མུའུ་ཡིས་བསྟན་དོན། ཨ་མན་གྱིས་མུ་མཐུད་དུ་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷ་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་མཉམ་ལས་བྱེད་པར་ཤུགས་སྣོན་བྱས་ཤིང་། ཨ་རབ་རྒྱལ་ཁབ་གཞན་པ་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། ས་ཁུལ་དེ་འཁྲུག་རྩོད་དང་རིང་དུ་གྱེས་པར་བྱེད་རྒྱུ་ཡིན་ཟེར། 

ཧེ་སེ་མུའུ་ཡིས་བཤད་རྒྱུར། ང་ཚོས་མུ་མཐུད་དུ་ཞི་བདེ་མཉམ་གནས་ཀྱི་རྨང་གཞིའི་སྟེང་བཙུགས་པའི་ཕྱི་ཕྱོགས་སྲིད་ཇུས་རྒྱུན་འཁྱོངས་བྱས་ཤིང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་འཕེལ་རྒྱས་འབྲེལ་བ་རྒྱུན་འཁྱོངས་བྱེད་རྒྱུ་མ་ཟད། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་དང་། ཁཱ་པུའུ་སི་ཡིས་གསར་འབྱེད་བྱས་པའི་བགྲོད་ལམ་བརྒྱུད་པ་དང་ཁཱ་པུའུ་སིའི་ཞབས་རྗེས་འཚོལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།