ཨེ་ཨར་ཏའོ་ཨན་གྱིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འའགྱུར་ཁང་གི་གློག་འཕྲིན་ལྟར།ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་གཅིག་ཉིན་དབྱི་སི་ཐན་པོར་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་དབུས་ཤར་ས་ཁུལ་གྱི་གནས་བབ་དང་ཐུར་ཁེ་དང་ཡོ་རོབ་གླིང་གི་འབྲེལ་བ་སོགས་གནད་དོན་ལ་གྲོས་གྲོས་བསྡུར་བྱས། 

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་མུས་ཞེ་ཨར་དང་མཉམ་དུ་དུས་ཚོད་གཉིས་ཙམ་གྱི་རིང་གསང་བའི་གྲོས་མོལ་བྱས་པ་དང་། གྲོས་མོལ་གྱི་ནང་དོན་དེ་ས་ཁུལ་གྱི་གནས་བབ་དང་ཐུར་ཁེ་དང་ཡོ་རོབ་གླིང་གི་འབྲེལ་བ་སོགས་ལ་འབྲེལ་ཡོད་ཟེར། 

གཞན་ཡང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཞེ་མུས་ཨར་གྱིས་ཨེ་ཨར་ཏའོ་ཨན་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེ་ཡིས་ཇི་ལྟར་མཉམ་ལས་བྱས་ཏེ་དབུས་ཤར་དང་ལི་པུ་ཡཱའི་གནས་བབ་ཞི་འཇགས་སུ་གཏོང་བར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་བལྟས་ན། གྲོས་མོལ་མོལ་ལ་བརྟེན་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། དབུས་ཤར་ས་ཁུལ་ནས་སྐོར་ཐེངས་གསར་བའི་དྲག་ཤུགས་དོན་རྐྱེན་འབྱུང་བར་བཀག་འགོག་བྱེད་འདོད་ཡོད་པའི་ཚུལ་བསྟན། ཡོ་རོབ་གླིང་ཕྱོགས་ཀྱིས་ཐུར་ཁེའི་སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་བདེ་འཇགས་ལ་སེམས་ཁུར་བྱེད་པར་རྒྱུས་ལོན་བྱེད་ཐུབ་ཀྱང་། ཐུར་ཁེ་ཡིས་སི་རི་ཡཱ་ནས་སྤེལ་བའི་འབྲེལ་ཡོད་འགུལ་སྐྱོད་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱེད་དགོས་པ་རྒྱུན་འཁྱོངས་བྱས། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་གཙོ་བྱས་པའི་སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། མུས་ཞེ་ཨར་དང་ཨེ་ཨར་ཏའོ་ཨན་གྱིས་ཡོ་རོབ་གླིང་དང་ཐུར་ཁེའི་འབྲེལ་བའི་ཐད་ནས་གྲོས་མོལ་གང་ལེགས་བྱས། ཕྱོགས་གཉིས་ཀྱིས་ད་རུང་གནས་སྤོར་སྡོད་དམངས་ཀྱི་གནད་དོན་དང་སེ་ཕུའུ་ལུའུ་སིའི་གནད་དོན་སོགས་ལ་གྲོས་བསྡུར་བྱས་ཟེར། མུས་ཞེ་ཨར་དང་ཨེ་ཨར་ཏའོ་ཨན་གྱིས་དུས་བཅད་ལྟར་ཐད་ཀར་འབྲེལ་འདྲིས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་ཡིད་འཐད་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།