ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200111092034JZmX.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་ཉིན། ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་མུའུ་ནོའུ་ཆན་གྱིས་ཝ་ཧྲིན་ཐོན་ནས་ཕོ་བྲང་དཀར་པོ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གཏམ་བཤད་སྤེལ། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བཅུ་ཉིན་དབྱི་ལིང་གི་མཐོ་རིམ་དཔོན་པོ་བརྒྱད་དང་གཏེར་ལས་ཀུང་ཟི་སོགས་ལ་བཀག་སྡོམ་བྱས་ཏེ། དེའི་སྔོན་དབྱི་ལིང་གིས་ཨ་མེ་རི་ཁའི་དམག་དཔུང་བཅའ་སྡོད་བྱེད་པའི་དབྱི་རག་གི་དམག་དོན་རྟེན་གཞིར་འཕུར་མདའི་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་ནས། སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་མ་དངུལ་ཡོང་ཁུངས་ཇེ་ཉུང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། བཀག་སྡོམ་ཐེབས་པའི་དབྱི་ལིང་གི་མཐོ་རིམ་དཔོན་པོ་བརྒྱད་ཀྱི་ནང་དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་གྲོས་ཁང་གི་དྲུང་ཡིག་ཆེན་མོ་ཨ་ལི་ཧྲ་མུའུ་ཧཱ་ནེ་དང་དབྱི་ལིང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་གཞོན་པ་ཨ་ཧྲི་ཏིས་ཡཱ་ནེ་སོགས་འདུས། བཀག་སྡོམ་བྱེད་ཐབས་དེ་དབྱི་ལིང་གི་ལྕགས་རིགས་ཐོན་སྐྱེད་ཚོང་བ་དང་གཏེར་ལས་ཀུང་ཟི་བཅུ་བདུན་ལ་འབྲེལ་བ་ཡོད་ཟེར། 

ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་མུའུ་ནོའུ་ཆན་གྱིས་ཉིན་དེར་ཕོ་བྲང་དཀར་པོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བཀག་སྡོམ་ཐེབས་པའི་མཐོ་རིམ་དཔོན་པོ་དག་དེའི་སྔོན་དབྱི་ལིང་གིས་ཨ་མེ་རི་ཁའི་དམག་དཔུང་བཅའ་སྡོད་བྱེད་པའི་དབྱི་རག་གི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་ཞུགས་པའི་དོགས་གཞི་ཡོད་པ་དང་། དབྱི་ལིང་གི་ལྕགས་རིགས་གཏེར་ལས་སོགས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ན། དབྱི་ལིང་སྲིད་གཞུང་གི་མ་དངུལ་ཡོང་ཁུངས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་ཐུབ་ཟེར། 

ཨ་མེ་རི་ཁ་ཕྱོགས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། བཀག་སྡོམ་ཐེབས་པ་དག་གི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་ཉོ་ཚོང་བྱེད་མི་རུང་བ་རེད། 

ཕོ་བྲང་དཀར་པོས་ཚེས་བཅུ་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིན་དེར་སྲིད་འཛིན་བཀའ་རྒྱ་བཀོད་དེ། ནོར་སྲིད་པུའུ་ཡིས་བཟོ་སྐྲུན་དང་གཏེར་ལས། འཁེལ་འཐག་ལས་རིགས་སོགས་འདུས་པའི་དབྱི་ལིང་གི་དཔལ་འབྱོར་ལས་རིགས་མང་བོར་བཀག་སྡོམ་བྱེད་པའི་དབང་ཆ་བསྩལ། གསལ་སྒྲོག་ལས་བཤད་རྒྱུར། བྱ་སྤྱོད་དེའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་ལས་གཞིའི་འཕེལ་རྒྱས་དང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ། ས་ཁུལ་གྱི་ཤུགས་རྐྱེན་ངན་པ་ཇེ་ཆེར་གཏོང་བ་བཅས་ཀྱི་ཐད་བཀོལ་བའི་མ་དངུལ་ཡོང་ཁུངས་ཇེ་ཉུང་དུ་གཏོང་བའི་ཆེད་དུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།