ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་ཨིར་ལན་བྱང་མའི་ཏང་ཁག་གཉིས་ཀྱིས་མཉམ་འབྲེལ་སྒོས་ནེ་ཀི་རྩ་འཛུགས་བྱེད་པའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དབྱིན་ཇིའི་ཨིར་ལན་བྱང་མའི་དམངས་གཙོ་གཅིག་གྱུར་ཏང་དང་ཞིན་ཧྥུན་ཏང་གིས་ཚེས་བཅུའི་ཉིན་གྲོས་མཐུན་བཀོད་དེ། ཡང་བསྐྱར་མཉམ་འབྲེལ་སྒོས་ཨིར་ལན་བྱང་མ་ས་ཁུལ་གྱི་རང་སྐྱོང་སྲིད་གཞུང་རྩ་འཛུགས་བྱེད་པར་ཡིད་འཐད་བྱུང་། 

ཚེས་བཅུ་ཉིན། དམངས་གཙོ་གཅིག་གྱུར་ཏང་དང་ཞིན་ཧྥུན་ཏང་གིས་ཟླ་ངོ་འགའི་རིང་གྲོས་མོལ་བྱས་རྗེས་ལོ་ངོ་གསར་བ་བཅུའི་བྱེད་ཐབས་གསར་བ་ཞེས་པའི་མཉམ་འབྲེལ་སྒོས་ནེ་ཀི་རྩ་འཛུགས་བྱེད་པའི་གྲོས་མཐུན་གཅིག་གྱུར་ཡིད་འཐད་བྱུང་། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་བཤད་རྒྱུར། དབྱིན་ཇིའི་སྲིད་གཞུང་གིས་ཨིར་ལན་བྱང་མའི་ཏང་ཁག་གཉིས་ཀྱིས་མཉམ་འབྲེལ་སྒོས་ནེ་ཀི་རྩ་འཛུགས་བྱེད་པའི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། དེ་ནི་ཨིར་ལན་བྱང་མའི་མི་དམངས་ཀྱིས་ཆེད་དུ་བཏོན་པའི་གྲུབ་འབྲས་བཟང་བོ་ཞིག་རེད་ཟེར། 

དབྱེ་ཞིབ་མི་སྣས་བལྟས་ན། དབྱིན་ཇི་ཟླ་འདིའི་ཟླ་མཇུག་ཏུ་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་ལས་ཕྱིར་འབུད་རྒྱུ་ཡིན་པ་དང་། ཨིར་ལན་བྱང་མ་ས་ཁུལ་གྱི་རང་སྐྱོང་སྲིད་གཞུང་རྒྱུན་ལྡན་ངང་འཁོར་སྐྱོད་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་བའི་འགྲན་རྩོད་གདོང་གིས་བསུ་དགོས་པར་འདོད། ཚོད་དཔག་བྱས་པ་ལྟར་ན། ཨིར་ལན་བྱང་མའི་གྲོས་ཁང་བསྐྱར་འབྱེད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།