ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མའོ་ཞི་ཁོ་བྱང་ཕྱོགས་ཀྱི་ཁི་ཨ་ཝེ་ལཱ་ཀྲིག་གི་བདེ་འཇགས་སྡེ་ཁག་གིས་ཚེས་དགུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་དྲག་ཆས་ཉེས་ཅན་སྐོར་ཞིག་གི་བར་འཁྲུག་རྩོད་བྱས་ནས། དྲག་ཆས་ཉེས་ཅན་བརྒྱད་བསད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཀྲིག་དེའི་ཀི་ལོས་ལོ་གྲོང་ཁྱེར་གྱི་ཧྲིན་ཐི་ལོས་ཧྲ་ཞེས་པའི་ཞིང་ར་ནས་ཉེན་རྟོག་མི་སྣར་འཇབ་རྒོལ་བྱས། ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་རྒོལ་ལན་སྤྲད་དེ་དྲག་ཆས་ཉེས་ཅན་བརྒྱད་བསད་པར་མ་ཟད། མཚོན་ཆ་དང་འགད་རྫས་མང་བོ་གཞུང་བཞེས་བྱས། དེའི་རྗེས་སུ་རོགས་དམག་ཡུལ་དངོས་སུ་འབྱོར། ཉེན་རྟོག་ཕྱོགས་ཀྱིས་མཚོན་ཆ་དེ་དག་ལས་ས་དེའི་ནག་ཉེས་རྩ་འཛུགས་བྱང་ཤར་སྡེ་ཚོགས་ཀྱི་མཚོན་རྟགས་ངོས་ཟིན་ཡོད་ལ། འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་མི་སྣ་གཞན་པ་སྔོག་བཤེར་བྱེད་བཞིན་ཡོད་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མའོ་ཞི་ཁོ་ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་བརྒྱད་བསད།