ཨ་མེ་རི་ཁས་དབྱི་རག་དང་མཉམ་དུ་དམག་དཔུང་ཕྱིར་འཐེན་གནད་དོན་ལ་གྲོས་བསྡུར་བྱེད་མི་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་རག་ཏུ་འཐུས་ཚབ་ཚོགས་པ་མངག་གཏོང་བྱས་ན། དབྱི་རག་ཕྱོགས་དང་མཉམ་དུ་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་མི་སྲིད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མིག་སྔར་དབྱི་རག་ཏུ་མངག་གཏོང་བྱས་པའི་འཐུས་ཚབ་ཚོགས་པ་གང་ཡིན་ཡང་ཇི་ལྟར་ང་ཚོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སླར་གསོ་བྱེད་པར་དོ་སྣང་བྱེད་པ་ལས་དམག་དཔུང་ཕྱིར་འཐེན་གནད་དོན་ལ་གྲོས་བསྡུར་བྱེད་མི་སྲིད་ལ། ང་ཚོའི་དབུས་ཤར་ས་ཁུལ་གྱི་དམག་ཤུགས་འོས་ཤིང་འཚམ་པ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་དང་དབྱི་རག་སྲིད་གཞུང་གིས་གྲོས་མོལ་བྱེད་དགོས་ཡོད་པ་དང་། དེའི་ནང་དོན་ནི་བདེ་འཇགས་གནད་དོན་ཙམ་དུ་མ་ཟད། ནོར་སྲིད་དང་དཔལ་འབྱོར། ཕྱི་འབྲེལ་བཅས་ཐད་ཀྱི་མཉམ་ལས་ཀྱང་འདུས་དགོས་ཟེར། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་རག་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ཚེས་དགུའི་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་རག་ཏུ་འཐུས་ཚབ་ཚོགས་པ་མངག་ནས་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།