དབྱི་ལིང་ནས་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ལོག་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་བྱང་ཕྱོགས་ཀྱི་མཱ་ཙན་ཏཱ་ལན་ཞིང་ཆེན་དུ་ཚེས་དགུ་ཉིན་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལོག་པའི་དོན་རྐྱེན་བྱུང་སྟེ། མི་བཅུ་དགུ་རྐྱེན་ལམ་དུ་ཤོར། 

མཱ་ཙན་ཏཱ་ལན་ཞིང་ཆེན་བྲེལ་མྱུར་ལས་དོན་གྱི་མགྲིན་ཚབ་པ་ཨ་ཧྲི་ཁཱ་པུའུ་ཨར་གྱིས་གསར་འགོད་པར་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་ལམ་དུ་ཆོས་པ་དང་། བྱང་ཤར་ཕྱོགས་ཀྱི་ཀི་ལའེ་སི་ཐན་ཞིང་ཆེན་དུ་བགྲོད་རྩིས་ཡོད། ཉིན་དེའི་ཞོགས་པར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་མཱ་ཙན་ཏཱ་ལན་ཞིང་ཆེན་གྱི་མངའ་ཁོངས་སུ་བགྲོད་སྐབས་ལམ་འགྲམ་དུ་ལོག་པ་རེད། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་བཞིར་རྨས་ཕོག རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་པ་ལྟར་ན། ལག་རྩལ་གྱི་ཆག་སྐྱོན་ནི་ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྐྱེན་རེད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།