ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་ཙུང་ཐུང་བཞུགས་ཤག་གི་བདེ་འཇགས་ཞིབ་བཤེར་ས་ཚིགས་ལ་འཇབ་རྒོལ་ཐེབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དཔོན་རིགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་གི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ཉིན་དེར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས། འཇབ་རྒོལ་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཅིག་ལ་རྨས་ཕོག་ཟེར། 

སོ་མཱ་ལིའི་སྲིད་གཞུང་གི་མགྲིན་ཚབ་པ་ཨོ་མཱ་ཨར་གྱིས་བཤད་རྒྱུར། འགད་རྫས་དྲུད་པའི་རླངས་འཁོར་ཞིག་གིས་ཙུང་ཐུང་བཞུགས་ཤག་གི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཟེར། སོ་མཱ་ལིའི་བདེ་འཇགས་དཔོན་རིགས་ཀྱིས་བཤད་རྒྱུར། འགད་རྫས་དྲུད་པའི་རླངས་འཁོར་དེ་བདེ་འཇགས་ཞིབ་བཤེར་ས་ཚིགས་བཙན་བགྲོད་བྱེད་རྩིས་བྱས་ཀྱང་བགྲོད་མ་ཐུབ་པས་འགད་རྫས་འགས་གཏོར་བཏང་བ་རེད། སྐབས་ཐོག་དེར་ཙུང་ཐུང་བཞུགས་ཤག་ཏུ་འགྲོ་རྩིས་ཡོད་པའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་བདེ་འཇགས་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།