དབྱི་ལིང་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་མི་ང་དྲུག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བདུན་ཉིན་དབྱི་ལིང་གི་ཁི་ཨར་མན་གྲོང་ཁྱེར་གྱིས་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་སུའུ་ལའེ་མན་ནེ་ལ་སྤེལ་བའི་དུར་མཆོད་མཛད་སྒོའི་སྟེང་རྡོག་བརྫིས་དོན་རྐྱེན་བྱུང་བ་དང་། མིག་སྔར་མི་ང་དྲུག་རྐྱེན་ལམ་དུ་ཤོར། 

དབྱི་ལིང་འཕྲལ་སྒྲུབ་སྨན་བཅོས་ཞབས་ཞུ་ལྟེ་གནས་ཀྱི་འགན་ཁུར་བ་ཁུའུ་ལེ་ཝན་ཏི་ཡིས་བཤད་རྒྱུར། རྡོག་བརྫིས་དོན་རྐྱེན་ལས་ཉུང་མཐར་ཡང་མི་ང་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉིས་བརྒྱ་དང་བཅུ་གསུམ་ལ་རྨས་ཕོ་ཡོད་ཟེར། 

ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སུའུ་ལའེ་མན་ནེ་རང་གི་ཕ་ཡུལ་ཁི་ཨར་མན་ནས་དུར་འཇུག་བྱེད་པའི་བྱ་འགུལ་སྤེལ་བ་དང་། དབྱི་ལིང་གི་ས་དེའི་མང་ཚོགས་འབུམ་ཕྲག་མང་བོ་སྲང་ལམ་དུ་ཡོང་ནས་སུའུ་ལའེ་མན་ནེ་ལ་སྐྱེལ་མ་ཞུས་པས་རྡོག་བརྫིས་དོན་རྐྱེན་བྱུང་བ་རེད། བརྙན་རིས་ལས་མངོན་པ་ལྟར་ན། མི་རེ་འགས་རོགས་སྐྱོར་གྱི་འབོད་པ་གཏོང་བཞིན་ཡོད་ལ། རྒུད་སྐྱོབ་མི་སྣས་ཡུལ་དངོས་སུ་རྒུད་སྐྱོབ་བྱེད་བཞིན་ཡོད་པ་རེད།
རྡོག་བརྫིས་དོན་རྐྱེན་བྱུང་བས་སུའུ་ལའེ་མན་ནེ་ཡི་དུར་འཇུག་དུས་ཚོད་རྗེས་སུ་སྣུར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་རྡོག་བརྫིས་དོན་རྐྱེན་ཁྲོད་ཀྱི་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།