ཀྲུང་གོ་བོད་ཀྱི་དྲ་བ།

ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་རེ་དགུ་ཡིས་ཨ་ཧྥུའུ་ཧན་སྲིད་གཞུང་ལ་མགོ་སྒུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་རེ་དགུ་ཡིས་ཚེས་དྲུག་ཉིན་ཨ་ཧྥུའུ་ཧན་སྲིད་གཞུང་ལ་མཚོན་ཆ་སྤྲད་དེ་མགོ་སྒུར་ཟེར། 

ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཀུའུ་ཨར་ཞིང་ཆེན་གྱི་ཧྲིན་ཀྲང་ཧཱ་ཙེ་ཡིས་གསར་འགོད་པར་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་རྒྱལ་དམངས་དམག་དཔུང་གིས་འདས་པའི་གཟའ་འཁོར་གཅིག་གི་ནང་ཞིང་ཆེན་དེའི་ཧྲ་ཧི་ལཱ་ཁི་ས་ཁུལ་དུ་གཙང་ཕྱོགས་འགུལ་སྐྱོད་སྤེལ་ཏེ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སུམ་བརྒྱ་ལྷག་གི་མཐའ་བསྐོར། ཚེས་དྲུག་ཉིན་གྱི་དགོང་མོར་དྲག་ཆས་ཉེས་ཅན་རེ་དགུ་ཡིས་རྒྱལ་དམངས་དམག་དཔུང་ལ་མཚོན་ཆ་དྲུག་ཅུ་ལྷག་སྤྲད་དེ་མགོ་སྒུར། རྒྱལ་དམངས་དམག་དཔུང་གིས་དྲག་ཆས་ཉེས་ཅན་གྱིས་འདོན་སྤྲོད་བྱས་པའི་ཁུངས་སྣེ་གཞིར་བཟུང་སྟེ་ཐཱ་ལེ་པན་དྲག་ཆས་པའི་མཚོན་ཆའི་མཛོད་ཁང་ཞིག་རྙེད་ཡོད་པ་རེད། 

ཀུའུ་ཨར་ཞིང་ཆེན་དེ་ཁཱ་པོར་བར་སྤྱི་ལེ་སུམ་བརྒྱ་ལྷག་ཡོད་པ་དང་། དུས་ཡུན་རིང་བོའི་ཚུན་ལ། ཐཱ་ལེ་པན་གྱི་དྲག་ཆས་པ་རྒྱུན་པར་ཀུའུ་ཨར་ཞིང་ཆེན་དུ་འགུལ་སྐྱོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།