ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་དབྱི་ལིང་དམག་ཕྱོགས་ཀྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་དབྱི་ལིང་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་པཱ་ཀའེ་ལི་ཡིས་ཁ་པར་བརྒྱུད་དེ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་དཔོན་པོས་ས་ཁུལ་གྱི་གནས་བབ་ལ་ཞིབ་ཏུ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཨ་མེ་རི་ཁའི་བར་སྣང་འཇབ་རྒོལ་ལས་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་སུའུ་ལའེ་མན་ནེ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་བྱུང་རྗེས། སི་རི་ཡཱ་དང་དབུས་ཤར་ས་ཁུལ་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་ཚུལ་བསྟན། 

གཞན་ཡང་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་བསྟན་དོན། ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཕྱོགས་ནས་བལྟས་ན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་པའི་ཆེས་མཇུག་མཐའི་དུས་རིམ་དུ་བསླེབ་པ་ཁྱབ་སྒྲོག་བྱས་པ་ལས་འཇིགས་ཉེན་གང་ཡང་བཟོ་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།