ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་ལ་བརྟེན་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཧྲ་ལོན་པེ་ཀི་ཡིས་ཚེས་དྲུག་ཉིན་ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཝེ་ཡེ་ནཱ་དུས་ངེས་མེད་དུ་གྲོས་མོལ་བྱ་ཡུལ་དུ་བྱས་ཆོག་པའི་ཚུལ་བསྟན། 

ཧྲ་ལོན་པེ་ཀི་ཡིས་ཉིན་དེར་ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་པུའུ་ནས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཨོ་སི་ཁྲུ་རི་ཡཱ་ཡིས་དབུས་ཤར་ས་ཁུལ་གྱི་གནས་བབ་འགྱུར་ལྡོག་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཕྱོགས་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ་གནས་བབ་ཞི་འཇགས་སུ་གཏོང་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དྲག་ཤུགས་ལས་ས་ཁུལ་དེར་བདེ་འཇགས་དང་གཏན་འཇགས་བཟོ་ཐབས་མེད་པས། ཕྱོགས་སོ་སོས་གྲོས་མོལ་ལ་ཞུགས་པའི་རེ་འདོན་གསལ་བོར་སྟོན་དགོས། ཨོ་སི་ཁྲུ་རི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཆབ་སྲིད་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཝེ་ཡེ་ནཱ་དེ་དུས་ངེས་མེད་དུ་གྲོས་མོལ་བྱ་ཡུལ་དུ་བྱས་ཆོག་ཟེར། 

དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མཚམས་འཇོག་པའི་ཆེས་མཇུག་མཐའི་དུས་རིམ་དུ་བསླེབ་པ་ཁྱབ་སྒྲོག་བྱས་པའི་ཐད་ནས་ཧྲ་ལོན་པེ་ཀི་ཡིས་གསལ་སྒྲོག་ལས་བསྟན་དོན། ཨོ་སི་ཁྲུ་རི་ཡཱ་ཡིས་རང་ཉིད་ཀྱི་ཕྱོགས་ནས་བལྟས་ན། ཉིས་སྟོང་བཅོ་ལྔ་ལོར་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེ་མུ་མཐུད་དུ་ལག་བསྟར་བྱེད་པའི་གནད་དོན་དང་མིག་སྔའི་ཛ་དྲག་གི་གནས་བབ་ཁ་ཁར་བྱས་ནས་ཐག་གཅོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།