དབྱི་རག་གི་ཨ་རིའི་དམག་དཔུང་རྟེན་གཞིར་འཇབ་རྒོལ་ཐེབས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་སྨྱན་སྦྱོར་གྱིས་ཚེས8ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རག་གི་དབྱི་སི་ལེན་གསར་བརྗེའི་སྲུང་དམག་གིས་ཨ་རིའི་དམག་དཔུང་བཅའ་སྡོད་བྱས་པའི་དབྱི་རག་གི་ཨ་ས་ཏེ་མཁའ་དམག་རྟེན་གཞི་ལ“འཕུར་མདེལ་བཅུ་ཕྲག”འཕངས་པ་དང་མིག་སྔར་མི་སྣ་ཤི་རྨས་ཐེབས་པའི་གནས་ཚུལ་ཅི་ཡང་སྤེལ་མེད།

1578446813119136.gif

ཨ་རིའི་ཟུར་ལྔའི་ཐོག་ཁང་ཆེན་མོས་དེའི་རྗེས་ར་སྤྲོད་བྱས་ཏེ“འཕུར་མདེལ་དེ་དག་དབྱི་རག་གིས་འཕངས”ཞེས་བཀོད་ཡོད་པ་རེད། ཕོ་བྲང་དཀར་པོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་ཨ་རིའི་དམག་དཔུང་གི་རྟེན་གཞིར་འཇབ་རྒོལ་ཕོག་པའི་སྐོར་གྱི་གནས་ཚུལ་སྤེལ་བ་ཤེས་རྟོགས་བྱུང་ཡོད། ཙུང་ཐུང་ཐེ་རོན་ཕུ་ཡིས་གནས་ཚུལ་འདི་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅེས་བཤད།

སྨྱན་སྦྱོར་གྱིས་དབྱི་རག་བདེ་འཇགས་པུའུ་ཡི་གནས་ཚུལ་དྲངས་ནས་དབྱི་རག་ཏུ་བཅའ་སྡོད་བྱས་པའི་ཨ་རིའི་ཨ་ས་ཏེ་མཁའ་དམག་རྟེན་གཞིར་ཚེས8ཉིན“མེ་ཤུགས་འཕུར་མདེལ”གྱི་འཇབ་རྒོལ་ཕོག་ཡོད་ཅེས་བཤད་པ་རེད།

ཟླ་འདིའི་ཚེས3ཉིན་དབྱི་རག་གི་མཐོ་རིམ་དམག་དཔོན་སུའུ་ལའེ་མན་ཉི་དབྱི་རག་གི་པ་ཀེ་ཏའི་རྒྱལ་སྤྱིའི་གནམ་ཐང་ཕྱི་རོལ་དུ་ཨ་རིའི་དམག་གི་མཁའ་རྒོལ་ཕོག་འོག་གྲོངས་པ་རེད། དབྱི་རག་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱིས་དེ་རྗེས་གསལ་བསྒྲགས་སྤེལ་ནས་དབྱི་རག་ཕྱོགས་ཀྱིས་དོན་རྐྱེན་དེར“འཁོན་ལན་དྲག་པོ”འཇལ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།