ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་གལ་ཏེ་དབྱི་ལིང་གིས་ཨ་མེ་རི་ཁའི་དམིགས་འབེན་ལ་འཇབ་རྒོལ་བྱས་ན་ཆམ་ཕབ་ནན་མོ་གཏོང་རྒྱུའི་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཞིའི་ཉིན་དབྱི་རག་ལ་ཉེན་བརྡ་བཏང་སྟེ། གལ་ཏེ་དབྱི་ལིང་གིས་ཨ་མེ་རི་ཁའི་མི་སྣ་དང་སྒྲིག་ཆས་ལ་འཇབ་རྒོལ་བྱས་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་དམིགས་འབེན་ང་གཉིས་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་ཨ་མེ་རི་ཁས་འཇིགས་ཉེན་གང་ཡང་དང་ལེན་བྱེད་མི་སྲིད། གལ་ཏེ་དབྱི་ལིང་གིས་ཨ་མེ་རི་ཁའི་མི་སྣ་དང་སྒྲིག་ཆས་གང་རུང་ལ་འཇབ་རྒོལ་བྱས་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་དམིགས་འབེན་གཙོ་བོར་ཆམ་ཕབ་དྲག་པོ་གཏོང་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་དབྱི་ལིང་གི་དམིགས་འབེན་གཙོ་བོ་ང་གཉིས་གདམ་གསེས་བྱས་པ་ནི་སྔོན་ཆད་ཏི་ཧེ་ལན་གྱི་མི་གཏའི་ཉམས་ཉེན་ཁྲོད་དབྱི་ལིང་ཕྱོགས་ཀྱིས་དབྱི་ལིང་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་མི་སྣ་ང་གཉིས་བཀག་འཇུག་བྱས་པའི་རྒྱུ་མཚན་གྱིས་མིན་པ་རེད། ཐི་ལིང་ཕུའུ་ཡིས་དེའི་ནང་གི་དམིགས་འབེན་རེ་འགའ་དབྱི་ལིང་ལ་དོན་སྙིང་གལ་ཆེན་ལྡན་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།