དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པར་བར་སྣང་འཇབ་རྒོལ་ཐེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དབྱི་རག་ནང་སྲིད་པུའུ་ཡིས་བསྒྲགས་པ་ལྟར་ན།དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ལ་ཚེས་བཞིའི་ཉིན་བར་སྣང་འཇབ་རྒོལ་ཐེབས་ཏེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཞིར་རྨས་ཕོག 

མི་དམངས་སྐུལ་སློང་རྩ་འཛུགས་ཀྱིས་དྲ་ཚིགས་བརྒྱུད་དེ།འཇབ་རྒོལ་ཐེབས་པ་དེ་ནི་རྒྱལ་ས་པཱ་ཀ་ཏཱའི་བྱང་ངོས་ཀྱི་ཐཱ་ཅི་གྲོང་རྡལ་དུ་ཡོད་པའི་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་སྨན་བཅོས་མི་སྣས་གྲུབ་པའི་རླངས་འཁོར་རྩ་འཛུགས་ཤིག་ཡིན་པ་ལས།དེའི་མགོ་ཁྲིད་པའི་རླངས་འཁོར་རུ་ཁག་མ་ཡིན་ཟེར།ས་དེའི་གསར་འགྱུར་ལས་རིགས་ཀྱིས་ཤི་རྨས་ཐེབས་པའི་མི་སྣའི་ཁྲོད་དུ་རྩ་འཛུགས་དེའི་མཐོ་རིམ་བཀོད་འདོམ་དཔོན་པོ་མེད་ཟེར། 

ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བར་སྣང་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་མ་བྱས་པ་དང་།རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉེ་ལམ་ཐཱ་ཅི་གྲོང་རྡལ་ཉེ་འདབས་སུ་བར་སྣང་འཇབ་རྒོལ་གང་ཡང་སྤེལ་མྱོང་མེད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།