ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོར་རྡོ་སྣུམ་ཕྱིར་གཏོང་བྱེད་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨུ་རུ་སི་དཀར་པོའི་རྒྱལ་ཁབ་རྡོ་སྣུམ་རྫས་འགྱུར་ཁང་ཚེ་ཨིན་གྱིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་དོན།ཟླ་འདིའི་ཚེས་གཅིག་ཉིན་ནས་བཟུང་ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོར་རྡོ་སྣུམ་ཕྱིར་གཏོང་བྱེད་མཚམས་བཞག་པ་དང་།མིག་སྔར་ཕྱོགས་གཉིས་ཀྱིས་རྡོ་སྣུམ་ཕྱིར་གཏོང་གནད་དོན་ཐད་ནས་གྲོས་མོལ་སྤེལ་བཞིན་ཡོད་ལ། འབྲེལ་ཡོད་ཀྱི་གན་རྒྱ་མྱུར་དུ་འགོད་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར། 

ཨུ་རུ་སི་དཀར་པོའི་རྒྱལ་ཁབ་རྡོ་སྣུམ་རྫས་འགྱུར་ཁང་ཚེ་ཨིན་གྱིས་བསྟན་དོན།རྩ་འཛུགས་རང་གི་ཁོངས་སུ་གཏོགས་པའི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭ་གཉིས་ཀྱིས་ཐོན་སྐྱེད་ཀྱི་ཚད་ཆེས་དམའ་བའི་ཚད་དུ་ཇེ་དམའ་བཏང་སྟེ་ཐོན་སྐྱེད་བྱེད་མཚམས་འཇོག་པར་སྔོན་འགོག་བྱེད་བཞིན་ཡོད་པ་དང་།ཞོར་དུ་རྒྱལ་ཁབ་རང་གི་ཚོང་རའི་རླངས་འཁོར་གྱི་འབར་སྣུམ་མཁོ་འདོན་ལ་ཁག་ཐེག་བྱེད་ཆེད།རྡོ་སྣུམ་གྱི་ཐོན་རྫས་ཚང་མ་ཕྱིར་གཏོང་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། 

དེ་ལས་གཞན་ཨུ་རུ་སི་དཀར་པོའི་རྒྱལ་ཁབ་རྡོ་སྣུམ་རྫས་འགྱུར་ཁང་ཚེ་ཨིན་གྱིས་ས་ཁུལ་གཞན་པ་ནས་རྡོ་སྣུམ་ནང་འདྲེན་བྱེད་པའི་ཚབ་བྱེད་ཇུས་གཞི་འཚོལ་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།