ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབུས་ཤར་ས་ཁུལ་དུ་དམག་མི་སྟོང་གསུམ་ཙམ་ཁ་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན།ཨ་མེ་རི་ཁས་དབུས་ཤར་ས་ཁུལ་དུ་དམག་མི་སྟོང་གསུམ་ཙམ་ཁ་སྣོན་བྱས་ཏེ་ས་ཁུལ་གྱི་འཇིགས་ཉེན་ཐག་གཅོད་བྱེད་རྩིས་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟི་ཡིས་བསྒྲགས་པ་ལྟར་ན།ཟུར་ལྔའི་ཐོག་ཁང་ཆེན་མོའི་དཔོན་རིགས་དང་ཨ་མེ་རི་ཁའི་དམག་ཕྱོགས་དཔོན་རིགས་ཀྱིས་ཨ་མེ་རི་ཁས་དབུས་ཤར་ས་ཁུལ་དུ་དམག་མི་སྟོང་གསུམ་ཁ་སྣོན་བྱེད་རྒྱུ་ཁས་ལེན་བྱས།དམག་མི་དེ་དག་ཉིན་དྲུག་ཅུ་ཙམ་གྱི་རིང་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱེད་རྒྱུ་རེད།ཨ་མེ་རི་ཁའི་འབྲེལ་ཡོད་དཔོན་རིགས་ཀྱིས་བཤད་རྒྱུར།ཁ་སྣོན་བྱས་པའི་དམག་མི་དེ་དག་ཆེས་མགྱོགས་ན་གཟའ་འཁོར་འགའི་གཟའ་མཇུག་ཏུ་ཁི་ཝེ་ཐི་རུ་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། 

ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པས་གསལ་སྒྲོག་ཅིག་ལས་བཤད་རྒྱུར།ཨ་མེ་རི་ཁའི་དམག་དཔུང་གི་མཁའ་འབབ་ཁྲི་ཤོག་གྱ་གཉིས་པའི་འཕྲལ་སྒྲུབ་སྟོང་ཤོག་གིས་སྔ་མོ་ནས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཅིང་།མིག་སྔར་སྟོང་ཤོག་དེའི་བརྒྱ་ཤོག་གཅིག་དབུས་ཤར་དུ་བཀོད་སྒྲིག་བྱས་ཡོད་པ་དང་།སྟོང་ཤོག་དེའི་དམག་དཔུང་འཕྲོ་མ་རྣམས་ཁི་ཝེ་ཐི་རུ་བཀོད་སྒྲིག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།