ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་ལས་ལི་པི་ཡ་དང་སི་རི་ཡའི་གནས་བབས་སྐོར་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཚེས་གཉིས་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་ནས། ལི་པི་ཡ་དང་སི་རི་ཡའི་གནས་བབས་སོགས་ཀྱི་གནད་དོན་ལ་གྲོས་མོལ་བྱས།

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨེ་ཨར་ཏོ་ཨན་དང་ཐི་ལང་ཕུའུ་གཉིས་ཀྱིས་སི་རི་ཡ་དང་ལི་པི་ཡའི་གནས་བབས་དང་གནད་དོན་གཞན་པའི་སྐོར་ནས་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱི་འབྲེལ་གྱིས་ས་ཁུལ་གནད་དོན་ཐག་་གཅོད་པའི་ཁྲོད་དུ་ཐོན་པའི་གལ་ཆེན་རང་བཞིན་ནན་གྱིས་བསྟན་པར་མ་ཟད། མཉམ་ལས་ལ་ཤུགས་སྣོན་པར་འཐད་པ་བྱུང་ཟེར།

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། ཐི་ལང་ཕུའུ་དང་ཨེ་ཨར་ཏོ་ཨན་གྱིས་ཁ་པར་ལས་ཨ་མེ་རི་ཁ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནད་དོན་སྐོར་ནས་གྲོས་མོལ་བྱས། ཐི་ལང་་ཕུའུ་ཡིས་ཕྱི་རྒྱལ་གྱིས་ཐེ་གཏོགས་བྱས་པ་ལས་ལི་པི་ཡའི་གནས་བབས་རྙོག་འཛིང་ཅན་དུ་གཏོང་བཞིན་ཡོད་ཅེས་བཤད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་ད་དུང་སི་རི་ཡའི་དབྱི་ཏི་ལེ་པུའུ་ཞིང་ཆེན་ནས་འཁྲུག་རྩོད་ཞི་འཇགས་སུ་བཏང་སྟེ་མི་སེར་ལ་སྲུང་སྐྱོབ་བྱེད་པར་འཐད་པ་བྱུང་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།