ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཆེད་ལས་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་ཙུང་ཚའེ་ཏ་ཝེ་·སི་ཐེ་ཨེན་ནད་ཕོག་ནས་ཚེ་ལས་འདས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20200103103148.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཆེད་ལས་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར(བསྡུས་མིང་ལ་ཨ་རིའི་ལན་ཆིའུ་སྤོ་ལོ་(NBA)ཟེར།) གྱི་ཙུང་ཚའེ་ཏ་ཝེ·སི་ཐེ་ཨེན་ཚེས1ཉིན་ནད་གཞིའི་རྐྱེན་པས་ཚེ་ལས་འདས།  ད་ལོ་ལོ77ཡིན།

ཨ་རིའི་ཆེད་ལས་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་གྱིས་བསྟན་དོན། ན་ནིང་ཟླ12ཚེས12ཉིན་ཏ་ཝེ·སི་ཐེ་ཨེན་གློ་བུར་དུ་ཀླད་ཁྲག་ཐོན་པ་དང་དེ་རྗེས་གཤག་བཅོས་བྱས་པ་རེད། ནད་གདོན་དང་འཐབ་འཛིང་བྱས་ནས་གཟའ་འཁོར་གསུམ་འགོར་རྗེས། སི་ཐེ་ཨེན་མཇུག་མཐར་ཚེ་ལས་འདས།

སི་ཐེ་ཨེན1942ལོར་སྐྱེས་པ་དང་ཨ་རིའི་ཆེད་ལས་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་ལོ་རྒྱུས་ཐོག་གི་ཙུང་ཚའེ་ཨང་བཞི་པ་དེ་ཡིན་ལ་ལས་འགན་འཁུར་ཡུན་རིང་ཤོས་ཀྱི་ཙུང་ཚའེ་ཞིག་ཀྱང་རེད། 1984ལོ་ནས2014ལོའི་བར་སི་ཐེ་ཨེན་གྱིས་མནའ་འབྲེལ་བཙུགས་ནས་ལོ30ཏག་ཏག་སོང་ཞིང་། དེའི་རིང་སི་ཐེ་ཨེན་གྱི་སྣེ་ཁྲིད་འོག་ཨ་རིའི་ལས་རིགས་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དེ་མེ་གླིང་བྱང་མའི་ལུས་རྩལ་ཁུལ་གཙོ་བོར་བདེ་བླག་ངང་བསྐྱོད་དེ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་གྲུབ་འབྲས་ཆེ་ཤོས་ཐོབ་པའི་ལུས་རྩལ་མཉམ་འབྲེལ་འགྲན་བསྡུར་གྱི་གྲས་ཤིག་ཏུ་གྱུར་ཡོད།

ཐོག་མར་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལ་ཡང་བརྙན་འཕྲིན་བརྒྱུད་གཏོང་ཚོང་པས་ཁྲེལ་དགོད་བྱས་པ་ནས་ད་ཆ་རྒྱལ་ཁབ་དང་ས་ཁུལ200ལྷག་ཙམ་དང་སྐད་ཡིག40ཙམ་གྱི་ཐོག་ནས་ཐད་གཏོང་བྱེད་བཞིན་ཡོད་པས། སི་ཐེ་ཨེན་གྱིས་ཨ་རིའི་ཆེད་ལས་སྤོ་ལོ་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་བྱས་རྗེས་ཆེན་པོ་བཞག་ཡོད། “སྒྱུ་འཕྲུལ་པ”ཡོད་ཧན་ཤུན་དང་། “ལན་ཆིའུ་སྤོ་ལོའི་མཁས་ཅན”ཆའོ་ཏན། ཁོ་པི་སོགས་ཨ་རིའི་ལས་རིགས་ལན་ཆིའུ་སྤོ་ལོའི་ལུས་རྩལ་པ་མང་པོ་ཞིག་ཁོང་གི་འགོ་ཁྲིད་འོག་འཛམ་གླིང་ཡོངས་ཀྱི་ཁྱིམ་ཚང་ཀུན་གྱིས་ཤེས་པའི་ལན་ཆིའུ་སྤོ་ལོ་རྩེད་མཁན་གྲགས་ཅན་ཏུ་གྱུར་ཡོད།

ཆའོ་ཏན་གྱིས“སི་ཐེ་ཨེན་མེད་ན་ཨ་རིའི་ཆེད་ལས་ལན་ཆིའུ་སྤོ་ལོ་དེ་དེ་རིང་གི་གནས་བབ་འདི་ལྟ་བུ་ཞིག་ཡིན་མི་སྲིད། ཁོང་གི་སྣེ་ཁྲིད་འོག་ཨ་རིའི་ཆེད་ལས་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་དཀའ་ཚེགས་ཆེ་བའི་ལོ་ཟླ་མང་པོ་བསྐྱལ་བ་དང་མཐར་རྒྱལ་སྤྱིའི་སྙན་གྲགས་ལྡན་པའི་ལུས་རྩལ་འགྲན་བསྡུར་ཞིག་ཏུ་གྱུར་ཡོད་ཞེས་བཤད།

སི་ཐེ་ཨེན་གྱི་མཛད་རྗེས་གཞིགས་ནས2014ལོར་ཁོང་ནའེ་ཧྲི་མི་སི་ལན་ཆིའུ་སྤོ་ལོའི་མི་སྣ་གྲགས་ཅན་གྱི་གྲས་སུ་ཚུད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།