ཀྲུང་གོ་བོད་ཀྱི་དྲ་བ།

སོ་མ་ལེའི་སྲིད་གཞུང་དམག་གིས་ན་གཞོན་ཏང་ཞེས་པའི་དྲག་ཆས་མི་སྣ་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མ་ལེའི་སྲིད་གཞུང་དམག་གིས་ཚེས་གཅིག་ཉིན་བཤད་རྒྱུར། སྲིད་གཞུང་དམག་གིས་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཞ་ཞེ་པེ་ལེ་མངའ་སྡེ་ནས་ཐལ་སྤྱོད་རྩ་འཛུགས་ན་གཞོན་ཏང་ཞེས་པ་དེའི་དྲག་ཆས་མི་སྣ་ཉི་ཤུ་བསད་ཟེར།

སོ་མ་ལེའི་སྲིད་གཞུང་དམག་གིས་བཀོད་འདོམས་དཔོན་མཱ་ལེ་ཁི་ཡིས་ས་དེའི་སྨྱན་བྱེད་ལ་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། སྲིད་གཞུང་དམག་གིས་ཞ་ཞེ་པ་ལེ་མངའ་སྡེའི་ས་ཆ་མང་པོ་ནས་ན་གཞོན་ཏང་ཞེས་པའི་དྲག་ཆས་མི་སྣར་དཔུང་འཇུག་བྱས་ཏེ། སྡེ་བ་མང་པོ་ཕྱིར་འཕྲོག་པ་དང་། ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་དྲག་པོ་བཏང་སྟེ། དྲག་ཆས་མི་སྣ་ཉི་ཤུ་བསད་པ་ཡིན་ཟེ།ར ཁོས་ད་དུང་སྲིད་གཞུང་དམག་གིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས། ཐལ་སྤྱོད་རྩ་འཛུགས་ཞ་ཞེ་པ་ལེ་མངའ་སྡེ་ནས་ཡོངས་སུ་བདའ་རྒྱུ་ཡིན་ཟེར།

སོ་མ་ལེའི་ན་གཞོན་ཏང་ཞེས་པ་དེ་ནི་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་ལ། ཉེ་བའི་ལོ་འགའི་རིང་སོ་མ་ལེ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ནས་འཇིགསས་སྐུལ་འཇབ་རྒོལ་ཐེངས་མང་སྤེལ་མྱོང་།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།