ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྒྱལ་ས་ནས་འགས་གཏོར་དོན་རྐྱེན4བྱུང་སྟེ་མི1རྐྱེན་ལམ་དུ་ཤོར་བ་དང་མི25ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་ཚེས25ཉིན་འགས་གཏོར་དོན་རྐྱེན4བྱུང་སྟེ། བསྡོམས་པས་མི1རྐྱེན་ལམ་དུ་ཤོར་བ་དང་། མི25ལ་རྨས་ཕོག

དབྱི་རག་ནང་སྲིད་པུའུ་ཡི་འབྲེལ་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེར་པ་ཀི་ཏའི་ཤར་ཕྱོགས་དང་ཤར་བྱང་ཕྱོགས་ནས་སོ་སོར་འགས་གཏོར་དོན་རྐྱེན་རེ་བྱུང་བ་དང་། ཤར་ལྷོའི་ཕྱོགས་ནས་འགས་གཏོར་དོན་རྐྱེན2བྱུང་། འགས་གཏོར་ཁྲོད་དུ་བསྡོམས་པས་མི1རྐྱེན་ལམ་དུ་ཤོར་བ་དང་། མི25ལ་རྨས་ཕོག མིག་སྔར་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། འགས་གཏོར་བྱུང་རྗེས། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་འགས་གཏོར་བྱུང་ས་བཀག་སྡོམ་བྱས་པར་མ་ཟད། བདེ་སྲུང་བྱེད་ཐབས་ལ་ཤུགས་བསྣན་སོང་ཟེར།

མིག་སྔར་རྩ་འཛུགས་གང་དང་མི་སུ་ཡིས་ཀྱང་འགས་གཏོར་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།

2017ལོའི་ཟླ12པར། དབྱི་རག་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕམ་གཏོང་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད་ཅེས་བསྒྲགས་མོད། ཡིན་ནའང་མིག་སྔར་དབྱི་རག་གི་མངའ་ཁོངས་སུ་ཐལ་སྤྱོད་མི་སྣ་ལྷག་མ་ཁ་ཤས་ཀྱིས་གོ་སྐབས་དང་བསྟུན་ནས་འཇབ་རྒོལ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།