ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་འཇབ་རྒོལ་བྱས་ཏེ་དབྱི་རག་གི་བདེ་སྲུང་མི་སྣ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས25ཉིན་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་ཉིན་དེར་དབྱི་རག་གི་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས་འཇབ་རྒོལ་བྱས་ཏེ། དབྱི་རག་གི་བདེ་སྲུང་མི་སྣ་གསུམ་བསད་པ་དང་། མི་བཞི་རྨས་ཟེར།

སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་མུའུ་ཧན་མོ་ཏི་པ་ཆི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེའི་དགོང་མོ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་དབྱི་རག་གི་དམག་དཔུང་དང་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་རྩ་འཛུགས་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་ཡོད་པའི་རྟེན་གཞི་ལ་འཇབ་རྒོལ་བྱས་པ་དང་། ཕྱོགས་གཉིས་བར་དུ་འཐབ་འཁྲུག་དྲག་པོ་བྱུང་། འཐབ་འཁྲུག་ཁྲོད་ནས་དབྱི་རག་གི་དམག་མི་གཅིག་དང་དམངས་དམག་དྲག་ཆས་རྩ་འཛུགས་ཀྱི་ཁོངས་མི་གཉིས་རྐྱེན་ལམ་དུ་ཤོར། བདེ་སྲུང་མི་སྣ་གཞན་དག་རོགས་སྐྱོབ་ལ་ཐོན་རྗེས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་རྣམས་ས་གཞན་ལ་བྲོས་སོང་ཟེར།

ཉིས་སྟོང་བཅུ་བདུན་ལོའི་ཟླ12པར། དབྱི་རག་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས་ན་ཡང་། མིག་སྔར་དབྱི་རག་གི་མངའ་ཁོངས་སུ་ད་དུང་ཐལ་སྤྱོད་མི་སྣ་ཁ་ཤས་ཀྱིས་གོ་སྐབས་དང་བསྟུན་ནས་འཇབ་རྒོལ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།