ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། དམངས་སྤྱོད་གནམ་གྲུ་ཞིག་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་རྒྱལ་ས་ཅཱ་ལཱ་ཅཱ་སི་དང་ཉེ་བའི་མུས་ལན་ཏཱ་ཀྲིག་ནས་སར་ལྷུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར་ཟེར། 

ཝེ་ནེ་ཙུའེ་ལཱའི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གི་དཔོན་པོ་སཱ་པའོ་ཡིས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། སར་ལྷུང་བའི་གནམ་གྲུ་དེའི་སྟེང་མི་དགུ་དྲུད་ཡོད་པ་རེད། དོན་རྐྱེན་བྱུང་སྐབས་པའོ་ལེ་ཝ་ཨར་ཀྲིག་ནས་ཅཱ་ལཱ་ཅཱ་སི་རུ་འཕུར་བཞིན་ཡོད། གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

སཱ་པའོ་ཡིས་གནམ་གྲུའི་སྟེང་གི་འགྲུལ་བའི་ཐོབ་ཐང་དང་གནམ་གྲུ་སར་ལྷུང་བའི་ནང་དོན་ཞིབ་རྒྱས་གསལ་བོར་བརྗོད་མེད།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།