ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་ཡོད་པའི་སྦས་སྐོང་བྱེད་ས་ཞིག་ལ་ཆམ་ཕབ་བཏང་སྟེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བརྒྱད་བསད་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་རག་བདེ་འཇགས་དམག་དཔུང་གིས་གསང་འཕྲིན་ལྟར་དུ། སཱ་ལཱ་ཧི་ཏེན་ཞིང་ཆེན་བྱང་ཕྱོགས་ཀྱི་རི་ཁུལ་དུ་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཏེ། སྔོན་ལ་འཕྲུལ་རྟར་ཞོན་ནས་སྦས་སྐོང་ས་ཁུལ་དུ་ཡོང་བའི་དྲག་ཆས་ཉེས་ཅན་ལྔ་བསད་པ་དང་། དེའི་རྗེས་སུ་ཤི་རྨས་གནས་ཚུལ་ལ་ལྟ་ཞིབ་བྱེད་དུ་ཡོང་བའི་དྲག་ཆས་ཉེས་ཅན་གསུམ་བསད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།