ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་རྒྱ་གར་གྱིས་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་སྤེལ་ཏེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་ཚེས་བཅོ་བརྒྱད་ཉིན་ཝ་ཧྲིན་ཐོན་ནས་གྲོས་མོལ་སྤེལ་ཏེ། གྲོས་ཆོད་རབ་དང་རིམ་པར་གྲོས་མཐུན་བཀོད་པར་མ་ཟད་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་བསྐྱར་སྒྲོག་བྱས། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་གསལ་སྒྲོག་ཅིག་ལས་ཨ་མེ་རི་ཁ་དང་རྒྱ་གར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་བསྐྱར་སྒྲོག་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། གནོད་འཚེའི་རྒུད་སྐྱོབ། མཚོ་ཐོག་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། 

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡིས་ཉིན་དེར་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་སྐབས་སུ་གྲོས་མཐུན་རེ་འགའ་བཀོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོག་སྲུང་གི་བཟོ་སྐྲུན་ཚོང་བའི་བར་གྱི་ཆ་འཕྲིན་ལག་རྩལ་གཙོ་བོ་བརྒྱུད་སྤེལ་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱིས་གནད་འགག་ལག་རྩལ་ཐད་ཀྱི་ཐུན་མོང་གསར་སྤེལ་སོགས་ནང་དོན་ལ་འབྲེལ་ཡོད། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིགས་ལས་ཁུངས་བར་གྱི་བརྗེ་རེས་རྐྱེན་སྲོལ་འཛུགས་པར་ཡིད་འཐད་བྱུང་ཡོད་ཟེར། 

རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིན་དང་རྒྱལ་སྲུང་བློན་ཆེན་ཞིན་ཀི་གཉིས་ཀྱིས་བསྟན་དོན། ཨ་མེ་རི་ཁའི་བར་གྱི་འགོག་སྲུང་མཉམ་ལས་དང་ཉོ་ཚོང་འགྲོ་འོང་། མི་གཞུང་བརྗེ་རེས་བཅས་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཟེར། ཕྱོགས་གཉིས་ཀྱིས་ཉིན་དེར་ད་རུང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་ཨ་ཧྥུའུ་ཧན་གྱི་གནད་དོན་སོགས་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།