ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་ཙུང་ཐུང་ཐེ་རོན་ཕུ་ལ་དམིགས་པའི་ནག་ཉེས་ཐེར་འདོན་གྱི་དོན་ཚན་གཉིས་ལ་གྲོས་འཆམ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་ཙུང་ཐུང་ཐེ་རོན་ཕུ་ལ་དམིགས་པའི་ནག་ཉེས་ཐེར་འདོན་གྱི་དོན་ཚན་གཉིས་ལ་གྲོས་འཆམ་བྱུང་བ་དང་། ཁོང་གིས་འགན་དབང་གང་བྱུང་དུ་སྤྱོད་པ་དང་རྒྱལ་ཚོགས་ཀྱི་ཞིབ་བཤེར་ལ་འགོག་རྐྱེན་བཟོས་བར་དངོས་སུ་ཞུ་གཏུག་བྱས་འདུག

03087bf40ad162d9c8c5186ca03e42e98b13cdfa.jpeg

ཚེས་18ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་ཙུང་ཐུང་ཐེ་རོན་ཕུ་ལ་དམིགས་པའི་ནག་ཉེས་ཐེར་འདོན་གྱི་དོན་ཚན་གཉིས་ལ་གྲོས་འཆམ་བྱུང་ནས་ཁོང་གིས་འགན་དབང་གང་བྱུང་དུ་སྤྱོད་པ་དང་རྒྱལ་ཚོགས་ལ་འགོག་རྐྱེན་བཟོས་བར་དངོས་སུ་ཞུ་གཏུག་བྱས་པ་རེད། ཐེ་རོན་ཕུ་ནི་ཨ་རིའི་ལོ་རྒྱུས་ཐོག་གྲོས་ཁང་འོག་མའི་ནག་ཉེས་ཐེར་འདོན་ཕོག་པའི་ཙུང་ཐུང་ཨང་གསུམ་པར་གྱུར་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།