ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དང་ཀྲུང་གོ་དང་ཨ་རབ་ཀྱི་དཔལ་ཡོན་གྲོས་མོལ་གྱི་ཞིབ་བསྡུར་ཚོགས་འདུ་སྐབས་བརྒྱད་པ་མའོ་ལོ་ཀི་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དང་ཀྲུང་གོ་དང་ཨ་རབ་ཀྱི་དཔལ་ཡོན་གྲོས་མོལ་གྱི་ཞིབ་བསྡུར་ཚོགས་འདུ་སྐབས་བརྒྱད་པ་ཚེས་བཅུ་བདུན་ཉིན་མའོ་ལོ་ཀིའི་རྒྱལ་ས་ལཱ་པཱ་ཐི་ནས་སྤེལ་མགོ་བརྩམས། 

ཐེངས་འདིའི་ཞིབ་བསྡུར་ཚོགས་འདུའི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ནས་ཡོང་བའི་ཆེད་མཁས་པ་དང་མཁས་པ། དེ་མིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ། ཨ་རབ་རྒྱལ་ཁབ་ཀྱི་མའོ་ལོ་ཀི་རུ་སྡོད་པའི་གཞུང་ཚབ་ཚོགས་པའི་འཐུས་མི་སོགས་བྱ་འགུལ་ལ་ཞུགས། ཚོགས་ཞུགས་མི་སྣ་དག་གིས་རིག་གནས་ཀྱི་ཕྱི་འབྲེལ་བེད་སྤྱད་དེ་ཞི་བདེའི་རིག་གནས་དར་སྤེལ་གཏོང་བ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱིས་ཞི་བདེའི་རིག་གནས་དར་སྤེལ་བྱེད་པའི་ནུས་པ། རིག་གནས་སྣ་མང་ཅན་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་དང་དེང་རབས་ཅན་གྱི་དྲིལ་སྒྲོག་བྱེད་ཐབས་ལ་བརྟེན་ནས་འཇིགས་སྐུལ་དྲག་ཤུགས་དང་ཐལ་སྤྱོད་བསམ་བློར་ངོ་རྒོལ་བྱེད་པ། གནས་སྐོར་ལས་རིགས་ཀྱིས་ཀྲུང་གོ་དང་ཨ་རབ་ཀྱི་བརྗེ་རེས་ཐད་བཏོན་པའི་ནུས་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས། 

ཀྲུང་གོའི་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀྲེ་ཅོན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་ཞུ་ཚིག་ཕུལ། ཀྲེ་ཅོན་གྱིས་བསྟན་དོན། ཀྲུང་ཧྭ་དཔལ་ཡོན་དང་ཨ་རབ་ཀྱི་དཔལ་ཡོན་ནི་མིའི་རིགས་ཀྱི་ཁྱད་ནོར་ཡིན་ཞིང་། གནའ་བོའི་དར་གོས་ཚོང་ལམ་གྱིས་དཔལ་ཡོན་ཆེན་པོ་དེ་གཉིས་ཀྱི་བརྗེ་རེས་དང་གཅིག་འདྲེས་ཀྱི་ཡུན་རིང་ལོ་རྒྱུས་བདེན་དཔང་བྱས་ཡོད། ཀྲུང་གོ་དང་ཨ་རབ་བར་གྱི་མཛའ་མཐུན་འགྲོ་འོང་ལས་ཕན་ཚུན་བར་གྱི་དཔལ་འབྱོར་དང་རིག་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མ་ཟད། ཤར་ནུབ་ཕྱོགས་ཀྱི་དཔལ་ཡོན་གཅིག་འདྲེས་བྱེད་པར་སྐུལ་ཁྲིད་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོའི་གོང་འཕེལ་ཐད་ཡུན་རིང་གི་སྒུལ་ཤུགས་བཏོན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།