ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ལོ་ཏི་མཚོ་ཁོངས་ཀྱི་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་པའོ་ལོ་ཏི་མཚོ་ཁོངས་ཀྱི་ལྕགས་ལམ་ལས་གཞི་དུས་ལྟར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ལོ་ཏི་མཚོ་ཁོངས་ཀྱི་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་ཚེས་བཅུ་བདུན་ཉིན་ལཱ་ཐའོ་ཝེ་ཡཱའི་རྒྱལ་ས་ལི་ཅཱ་ནས་གྲོས་མོལ་བྱས་ཏེ། པའོ་ལོ་ཏི་མཚོ་ཁོངས་ཀྱི་ལྕགས་ལམ་ལས་གཞི་དུས་ལྟར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་བསྐྱར་སྒྲོག་བྱས། 

པའོ་ལོ་ཏི་མཚོ་ཁོངས་ཀྱི་ལྕགས་ལམ་ལས་གཞི་ལས་གཞན། ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་ལའེ་ཝེ་ཚི་དང་། ཨེ་སོ་ནི་ཡཱའི་ཙུང་ཐུང་ཁཱ་ལིག་ལའེ་ཏི། ལི་ཐའོ་ཝན་གྱི་ཙུང་ཐུང་ནོའུ་སེ་ཏཱ་བཅས་ཀྱིས་ཉེ་སྔོན་སྤེལ་བའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དང་རྒྱལ་ཁབ་གསུམ་གྱི་ནུས་ཁུངས་མཉམ་ལས། རྒྱལ་ཁབ་གསུམ་དང་ཨུ་རུ་སི། ཨུ་རུ་སི་དཀར་པོ་བཅས་བར་གྱི་འབྲེལ་བ་སོགས་གྲོས་གཞིར་གྲོས་བསྡུར་བྱས་པ་རེད། 

ལའེ་ཝེ་ཚི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་གསུམ་གྱིས་དཀའ་ཁག་ཁྱད་དུ་བསལ་ནས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ལས་གཞི་གཙོ་བོ་པའོ་ལོ་ཏི་མཚོ་ཁོངས་ཀྱི་ལྕགས་ལམ་ལས་གཞི་དུས་ལྟར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་ཆོད་སེམས་ཡོད་ཟེར། ལའེ་ཝེ་ཚི་ཡིས་ནན་གྱིས་བསྟན་དོན། པའོ་ལོ་ཏི་མཚོ་ཁོངས་ཀྱི་ལྕགས་ལམ་ངེས་པར་དུ་འཛུགས་སྐྲུན་བྱ་དགོས་པར་མ་ཟད་དུས་ལྟར་ལེགས་འགྲུབ་འབྱུང་དགོས། དེ་ནི་ང་ཚོའི་ཐུན་མོང་གི་ཆབ་སྲིད་ལངས་ཕྱོགས་ཡིན་ཟེར། 

ནོའུ་སེ་ཏཱ་ཡིས་བསྟན་དོན། ལི་ཐའོ་ཝན་གྱིས་ལས་གཞི་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་པའོ་ལོ་ཏི་མཚོ་ཁོངས་ཀྱི་ལྕགས་ལམ་ལས་གཞི་ལག་བསྟར་བྱེད་པར་སྟབས་བདེ་བཟོས་ཡོད་ཟེར། ཁོས་ལཱ་ཐའོ་ཝེ་ཡཱ་དང་ཨེ་སོ་ནི་ཡཱ་རྒྱལ་ཁབ་གཉིས་ཀྱིས་གང་མགྱོགས་སྒོས་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།