ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཨར་ཏའོ་ཨན་གྱིས་གལ་ཏེ་དགོས་པ་ཡོད་ན་ཐུར་ཁེའི་མངའ་ཁོངས་ཀྱི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་གཉིས་ཀྱི་སྒོ་བརྒྱག་ངེས་ཡིན་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་བསྟན་དོན། གལ་ཏེ་དགོས་པ་ཡོད་ན། ཐུར་ཁེ་ཡིས་རང་གི་མངའ་ཁོངས་སུ་ཡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་གཉིས་ཀྱི་སྒོ་བརྒྱག་ངེས་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གལ་ཏེ་དགོས་པ་ཡོད་ན་ང་ཚོས་ཐུར་ཁེའི་ལྷོ་ཕྱོགས་ཀྱི་དབྱིན་ཅི་ལེ་ཁི་མཁའ་དམག་རྟེན་གཞི་དང་ཤར་ཕྱོགས་སུ་ཡོད་པའི་ཁུའུ་ལོས་ཅི་ཁི་ལོས་ཏཱ་ས་ཚིགས་ཀྱི་སྒོ་བརྒྱག་ངེས་ཡིན་ཟེར། 

ཨ་མེ་རི་ཁའི་གྲོས་ཞུགས་ཁང་གིས་ཉེ་སྔོན་གྲོས་ཆོད་ཅིག་བཀོད་དེ། ཐུར་ཁེའི་ཨོ་སི་མན་བཙན་རྒྱལ་གྱིས་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ་ཨེ་མེ་ནི་ཡཱའི་མི་ས་ཡ་གཅིག་དང་འབུམ་ལྔ་ཙམ་བསད་པར་ཁས་ལེན་བྱས་པ་དང་། དེ་ནི་རིགས་རྒྱུད་ཤུལ་མེད་དུ་གཏོང་བའི་བྱ་སྤྱོད་ཅིག་རེད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་དོན་དེའི་ཐད་ནས་བཤད་རྒྱུར། གྲོས་ཆོད་དེ་ནི་ཆབ་སྲིད་རང་བཞིན་ལྡན་པ་ཞིག་ཡིན་ལ། ཨ་མེ་རི་ཁའི་བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་ནང་གི་ཕྱོགས་གཉིས་སུ་ལྷུང་བའི་ཆབ་སྲིད་དེས་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་པ་ཐེབས་སྲིད་ལ། ཚོགས་ཁག་རེ་འགས་རང་སྟེང་གི་ཁེ་ཕན་གྱི་ཆེད་དུ་དོན་དངོས་འཁྱོག་བརྗོད་བྱེད་པ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།