ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀི་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་ཞིག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་ཚེས་བཅོ་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་རྟོག་དཔྱོད་ཅུའུ་ཡིས་ཚེས་བཅུ་བཞིའི་ཉིན་སྤྱི་སྒྲོག་སྤེལ་ཏེ། འཛིན་བཟུང་བྱས་པའི་སྐྱེས་པ་དེ་ལོ་ཞེ་གཅིག་ཡིན་ཞིང་། ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱེད་སྐབས་འགད་རྫས་བཟོ་བར་བཀོལ་བའི་གློག་རྡུལ་སྒྲིག་ཆས་དང་ཡིག་ཆའི་རྒྱུ་ཆ་རྙེད་ཡོད་ཟེར། རྟོག་ཞིབ་བྱས་པ་ལས་ཤེས་པ་ལྟར་ན། སྐྱེས་པ་དེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་བསམ་བློ་དྲིལ་སྒྲོག་བྱེད་བཞིན་ཡོད་པ་དང་། མའོ་ལོ་ཀིའི་མངའ་ཁོངས་སུ་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བཟོ་བའི་འཆར་གཞི་ཡོད་པ་རེད། 

སྤྱི་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀིའི་ཁྲིམས་འཛིན་སྡེ་ཁག་གིས་གྱོད་དོན་དེར་ཞིབ་ཏུ་རྟོག་དཔྱོད་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།