ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱའི་དབུས་ཕྱོགས་ཀྱི་ཞིན་ཏུའུ་ཕཱ་ཨར་ཆའོ་ཁི་རྫོང་ནས་ཚེས་བཅོ་ལྔ་ཉིན་གྱི་ཞོགས་པར་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག་ཟེར། 

ཞིན་ཏུའུ་ཕཱ་ཨར་ཆའོ་ཁི་རྫོང་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ཨར་གྱིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། འགྲུལ་བ་བཅུ་གཉིས་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཉིས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། རྨས་མ་གཞན་པར་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཏའོ་ཨར་ཁཱ་རྫོང་ནས་རྒྱལ་ས་ཀ་ཏི་མན་ཏུའུ་རུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་དེ་ཞིན་ཏུའུ་ཕཱ་ཨར་ཆའོ་ཁི་རྫོང་བརྒྱུད་སྐབས། གཏིང་ཚད་ལ་རྨིད་བརྒྱ་ཕྲག་འགའ་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད། དོན་རྐྱེན་བྱུང་རྗེས་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་བྲོས་བྱོལ་བྱས་པ་རེད། 

མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།