ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོས་ཉེ་སྔོན་གྱི་རྒྱལ་སྲུང་ཚན་རིག་ཞིབ་འཇུག་གི་ཚོད་ལྟའི་གྲུབ་འབྲས་དེ་འཐབ་ཇུས་མཚོན་ཆ་གཞན་ཞིག་གསར་སྤེལ་བྱེད་པའི་ཐད་བཀོལ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཕེའོ་ཀྲིན་ཐེན་གྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཁྲའོ་ཞན་གྱིས་ཉེ་སྔོན་སྤེལ་བའི་རྒྱལ་སྲུང་ཚན་རིག་ཞིབ་འཇུག་གི་ཚོད་ལྟའི་གྲུབ་འབྲས་དེ་ཁྲའོ་ཞན་གྱི་འཐབ་ཇུས་མཚོན་ཆ་གཞན་ཞིག་གསར་སྤེལ་བྱེད་པའི་ཐད་བཀོལ་ནས། ཨ་མེ་རི་ཁའི་ཉིང་རྡུལ་ནུས་པའི་འཇིགས་ཉེན་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར། 

ཕེའོ་ཀྲིན་ཐེན་གྱིས་བཤད་རྒྱུར། ཁྲའོ་ཞན་རྒྱལ་སྲུང་ཚན་རིག་གླིང་གིས་ཉེ་སྔོན་བསྟུད་མར་དོན་སྙིང་ཆེན་པོ་ལྡན་པའི་ཚོད་ལྟ་རབ་དང་རིམ་པ་སྤེལ་ཏེ། རྒྱལ་སྲུང་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད། ང་རང་དོན་དེར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། ཉེ་སྔོན་སྤེལ་བའི་རྒྱལ་སྲུང་ཚན་རྩལ་ཞིབ་འཇུག་ཚོད་ལྟའི་ཁྲོད་ཐོབ་པའི་གཞི་གྲངས་དང་ཉམས་མྱོང་རྩ་ཆེན་ནམ་ལག་རྩལ་གསར་བ་དག་ཁྲའོ་ཞན་གྱི་འཐབ་ཇུས་མཚོན་ཆ་གཞན་ཞིག་གསར་སྤེལ་བྱེད་པའི་ཐད་བཀོལ་ནས། ཨ་མེ་རི་ཁའི་ཉིང་རྡུལ་ནུས་པའི་འཇིགས་ཉེན་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར། 

ཕེའོ་ཀྲིན་ཐེན་གྱིས་བཤད་རྒྱུར། སྟོབས་ཤུགས་དོ་མཉམ་ཡོང་བར་ཁག་ཐེག་བྱས་ན་ད་གཟོད་ངེས་པ་དོན་གྱིས་ཞི་བདེ་ལ་སྲུང་སྐྱོབ་བྱ་ཐུབ་པར་མ་ཟད། ཁྲའོ་ཞན་གྱི་འཕེལ་རྒྱས་དང་མ་འོངས་པར་ཡང་འགན་སྲུང་བྱ་ཐུབ། ཁྲའོ་ཞན་གྱིས་སྟོབས་ཤུགས་ཆེན་པོ་གསོག་ཉར་བྱས་ཡོད་ཟེར། 

ཁོས་བསྟན་དོན། ཁྲའོ་ཞན་གྱིས་དགྲར་འཛིན་སྟོབས་ཤུགས་ཀྱི་ཆབ་སྲིད་དང་དམག་དོན་གྱི་དཀྲུག་འཕེན་གནད་དོན་ཐག་གཅོད་བྱེད་པ་དང་། གྲོས་མོལ་ལམ་ངོ་རྒོལ་གྱི་གྲ་སྒྲིག་གང་ལེགས་བྱ་དགོས། ཁྲའོ་ཞན་དམག་དཔུང་གིས་དོན་དངོས་བྱ་སྤྱོད་ལས་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་ཆོད་དོན་གང་ཡིན་ཡང་ལག་ལེན་མཐར་ཕྱིན་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།