ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྲོས་ཁང་གིས་དམིགས་བསལ་ལམ་ལུགས་བཅའ་ཁྲིམས་ཀྱི་ལག་བསྟར་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྲོས་ཁང་གིས་ཚེས་བཅུ་གཉིས་ཉིན་བརྡས་ཐག་བཅད་དེ། ཝུའུ་ཁི་ལན་ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་གི་ས་ཁུལ་སྐོར་ཞིག་གི་ས་གནས་རང་སྐྱོང་གི་དམིགས་བསལ་ལམ་ལུགས་ཀྱི་བཅའ་ཁྲིམས་ཀྱི་ལག་བསྟར་ཡུན་ཚད་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། 

ཝུའུ་ཁི་ལན་གྲོས་ཁང་གསར་འགྱུར་ཅུའུ་ཡི་དྲ་ཚིགས་སྟེང་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེར་འདེམ་ཤོག་འཕེན་སྐབས་བསྡོམས་པས་གྲོས་མི་སུམ་བརྒྱ་དང་ཉི་ཤུ་ཡིད་འཐད་བྱུང་བ་དང་། གྲོས་ཁང་གིས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་འགོད་པར་མཁོ་བའི་ཆེས་དམའ་བའི་ཚད་ཉིས་བརྒྱ་དང་ཉེ་དྲུག་ལས་བརྒལ་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།