ཨར་ཅི་རི་ཡཱ་ཡིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱ་ཡིས་ཚེས་བཅུ་གཉིས་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ། ཨར་ཅི་ཡཱའི་སྒེར་ཚུགས་འདེམ་བསྐོ་ལྟ་རྟོག་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་བསྟན་དོན། རྒྱལ་ཡོངས་ཀྱི་ཞིང་ཆེན་ཞེ་བརྒྱད་ཀྱི་འདེམ་ཤོག་འཕེན་སའི་སྒྲིག་ལམ་བཟང་བ་དང་། དོན་རྐྱེན་མི་ལེགས་པ་ཅི་ཡང་བྱུང་མེད་ཟེར། 

ཨར་ཅི་རི་ཡཱའི་སྒེར་ཚུགས་འདེམ་བསྐོའི་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲུའུ་ཨར་ཧྥེ་ཡིས་ཉིན་དེར་རྒྱལ་ས་ཨར་ཅིར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱི་དྲོའི་དུས་ཚོད་ལྔ་བར། རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ཚད་བརྒྱ་ཆའི་སོ་གསུམ་ཡིན་པ་དང་། ཚོད་དཔག་བྱས་ན་ཆེས་མཇུག་མཐའི་འདེམ་ཤོག་འཕེན་ཚད་བརྒྱ་ཆའི་བཞི་བཅུ་ལས་བརྒལ་སྲིད་ཟེར། 

ཨར་ཅི་རི་ཡཱའི་དཔོན་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་འདེམ་བསྐོའི་ཁྲོད་ཐོ་འགོད་བྱས་པའི་འདེམ་དམངས་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་ལྔ་ཙམ་ཡོད་པ་དང་། དེའི་ནང་ཕྱི་རྒྱལ་གྱི་འདེམ་དམངས་འབུམ་དགུ་དང་ཁྲི་གཅིག་ཙམ་འདུས། 

ཨར་ཅི་རི་ཡཱའི་སྒེར་ཚུགས་འདེམ་བསྐོའི་ལྟ་རྟོག་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་ལྟ་ཞིབ་པ་འབུམ་ལྔ་ཙམ་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་ཁྲི་དྲུག་ལྷག་ནས་འདེམ་བསྐོའི་བྱ་འགུལ་ལ་ལྟ་རྟོག་བྱེད་དུ་བཅུག 

ཨར་ཅི་རི་ཡཱའི་སྒེར་ཚུགས་འདེམ་བསྐོའི་ལྟ་རྟོག་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཆེས་མཇུག་མཐའི་འདེམ་བསྐོའི་མཇུག་འབྲས་དེ་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉེར་ལྔའི་བར་ཁྱབ་སྒྲོག་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།