ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་བྱང་ཕྱོགས་ས་ཁུལ་ནས་རང་སྲོག་གཅོད་པའི་འཇབ་རྒོལ་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་དམག་དཔུང་ཞིག་ལ་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་སཱ་མེད་ལཱ་གྲོང་ཁྱེར་ནས་རང་སྲོག་གཅོད་པའི་འཇབ་རྒོལ་ཐེབས་ཏེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་མཁན་ཞིག་གིས་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་སཱ་མེད་ལཱ་གྲོང་ཁྱེར་དུ་ཡོད་པའི་དམག་དཔུང་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། འཇབ་རྒོལ་མཁན་ཞིག་གིས་འགད་རྫས་དྲུད་ཡོད་པའི་རླངས་འཁོར་ཞིག་བསྐོར་ནས་དམག་དཔུང་དེར་འཇབ་རྒོལ་བྱས་ཏེ། མི་བཞི་རྐྱེན་ལམ་དུ་ཤོར་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་གཉིས་ཀྱི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།