ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པུ་ཁི་ནཱ་ཧྥ་སོ་སྔ་ན་མེད་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དང་འཕྲད་ཡོད་པར་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་པུ་ཁི་ནཱ་ཧྥ་སོ་རྒྱལ་ཁབ་དེ་ས་ཁུལ་གྱི་ཉམས་ཉེན་དབང་གིས་རང་ཁྱིམ་དང་ཁ་མི་འབྲལ་ཐབས་མེད་བྱུང་བའི་མི་གྲངས་མྱུར་མོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་དེ་སྔ་ན་མེད་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་འཕྲད་ཡོད་ཟེར། 

ཧཱ་ཁི་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། པུ་ཁི་ནཱ་ཧྥ་སོ་ཡི་རང་ཁྱིམ་དང་ཁ་བྲལ་བའི་མི་གྲངས་ད་ལོའི་ཟླ་དང་པོའི་ཁྲི་བརྒྱད་དང་སྟོང་བདུན་ནས་ཟླ་བཅུ་བར་འབུམ་བཞི་དང་ཁྲི་བརྒྱད་སྟོང་དྲུག་ལ་བསླེབ་ཡོད། གཟའ་འཁོར་སྔོན་མ་ཁོ་ནར་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་གྱི་སྡོད་ཁུལ་ཞིག་ནས་མི་སྟོང་བདུན་ཙམ་ལ་འགྲོ་སའི་ཁྱིམ་གཞིས་མེད་པར་གྱུར་ཟེར། 

ཧཱ་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མི་ཆོས་རིང་ལུགས་ཀྱི་མཉམ་ལས་གྲོགས་པོས་ཧུར་ཐག་སྒོས་ཁྱིམ་གཞིས་དང་བྲལ་མཁན་ལ་བྲེལ་མྱུར་གྱི་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་ན་ཉིས་སྟོང་ཉི་ཤུའི་ལོར་པུ་ཁི་ནཱ་ཧྥ་སོ་རྒྱལ་ཁབ་ཏུ་མི་ས་ཡ་གཉིས་དང་འབུམ་གཉིས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བ་དང་། ད་ལོའི་ལོ་མགོའི་མི་ས་ཡ་གཅིག་དང་འབུམ་གཉིས་ལ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།