ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འཇབ་རྒོལ་ཐེབས་ནས་མི་དྲུག་ཅུ་ལྷག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཨར་ཝན་ཞིང་ཆེན་དུ་ཡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་པཱ་ཀི་ལཱ་མུའུ་རྟེན་གཞིའི་ཕྱི་རོལ་དུ་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་པ་དང་འཁྲུག་རྩོད་བྱུང་སྟེ། མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་རེ་གཉིས་ལ་རྨས་ཕོག་ཟེར། 

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ལཱ་ཞེ་མུས་ཀྱིས་གསར་འགོད་པར་བཤད་རྒྱུར། རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་ལྔ་བཅུའི་ཡས་མས་སུ་བྱུང་བ་རེད་ཟེར། 

པཱ་ཀི་ལཱ་མུའུ་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཁུའུ་ཏུའུ་ཞི་ཡིས་གསར་འགོད་པར་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ལས་ཨ་ཧྥུའུ་ཧན་གྱི་བུད་མེད་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་དཀྱུས་མ་རེ་གཉིས་ལ་རྨས་ཕོག རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། པཱ་ཀི་ལཱ་མུའུ་རྟེན་གཞིར་ཞོགས་པར་འཇབ་རྒོལ་ཐེབས་པ་དང་། དམིགས་འབེན་ནི་འཛུགས་སྐྲུན་བྱེད་བཞིན་པའི་སྨན་བཅོས་སྒྲིག་ཆས་ཁང་ཞིག་ཡིན་པ་རེད། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་འཕྲལ་མར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་ལན་སྤྲད་པ་དང་། མཉམ་འབྲེལ་དམག་དཔུང་གི་དམག་མིར་འཇབ་རྒོལ་ཁྲོད་ཤི་རྨས་ཐེབས་མེད་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།