ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་སྐབས་ལྔ་བ་ཁི་ཝེ་ཐི་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191211092712cwP.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཁི་ཝེ་ཐིའི་ཧཱ་ཝ་ལེ་ཞིང་ཆེན་དུ། མི་རྣམས་ཀྱིས་མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་སྐབས་ལྔ་བར་ལྟ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གསུམ་ཡིན་པའི་མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་སྐབས་ལྔ་བ་ཚེས་བཅུ་ཉིན་ཁི་ཝེ་ཐིའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་སྤེལ། རྒྱལ་ཁབ་དང་ས་ཁུལ་སོ་གཅིག་ནས་ཡོང་བའི་རྒྱལ་སྤྱིའི་འགོག་སྲུང་དང་དམག་དོན་ཀུང་ཟི་ཉིས་བརྒྱ་དང་བཅུ་གཉིས་འགྲེམ་སྟོན་ལ་ཞུགས། 

ཁི་ཝེ་ཐིའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཧུའུ་ཏི་ཨར་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། སྐབས་འདིའི་མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་སྟེང་འཛམ་གླིང་ཡོངས་ཀྱི་རྒྱལ་སྲུང་བཟོ་ལས་ཁྱབ་ཁོངས་ཀྱི་ཕུལ་དུ་བྱུང་བའི་བཟོ་གྲྭ་དང་ཆེད་ལས་མི་སྣ་འདུས་ཡོད་ཅིང་། དམིགས་ཡུལ་ནི་ཁྱབ་ཁོངས་དེའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས་ཏེ་རྒྱལ་ཁབ་སོ་སོའི་མཐོ་རིམ་དཔོན་དམག་བར་གྱི་ཉམས་མྱོང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན་ཟེར། 

ཁི་ཝེ་ཐིའི་དམག་དཔུང་མཁོ་འདོན་ཅུའུ་ཡི་སྤྱི་ཁྱབ་ཇུས་འདོན་པ་གཞོན་པ་ཧྲ་ནཱ་ཧྥ་ཡིས་བསྟན་དོན། འགྲེམ་སྟོན་ལས་ཁི་ཝེ་ཐིའི་ན་གཞོན་སྔར་ལས་མང་བོས་དམག་དོན་ཁྱབ་ཁོངས་ལ་རྒྱུས་ལོན་བྱས་ཏེ། དམག་དོན་ལས་གཞིའི་ཞིབ་འཇུག་གཉེར་བ་དང་དམག་དཔུང་དུ་ཞུགས་པའི་རེ་བ་ཡོད་ཟེར། 

ཁི་ཝེ་ཐི་ཡིས་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། ལོ་གཉིས་ཀྱི་ནང་ཐེངས་རེར་སྤེལ་བ་རེད།

20191211092804CqX.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཁི་ཝེ་ཐིའི་ཧཱ་ཝ་ལེ་ཞིང་ཆེན་དུ། མི་རྣམས་ཀྱིས་མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་སྐབས་ལྔ་བར་ལྟ་བཞིན་པ། 

20191211092822FN08.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཁི་ཝེ་ཐིའི་ཧཱ་ཝ་ལེ་ཞིང་ཆེན་དུ། མི་རྣམས་ཀྱིས་མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་སྐབས་ལྔ་བར་ལྟ་བཞིན་པ། 

201912110928390tQ.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཁི་ཝེ་ཐིའི་ཧཱ་ཝ་ལེ་ཞིང་ཆེན་དུ། མི་རྣམས་ཀྱིས་མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་སྐབས་ལྔ་བར་ལྟ་བཞིན་པ། 

201912110929018CKS.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཁི་ཝེ་ཐིའི་ཧཱ་ཝ་ལེ་ཞིང་ཆེན་དུ། མི་རྣམས་ཀྱིས་མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་སྐབས་ལྔ་བར་ལྟ་བཞིན་པ། 

20191211092916bGRW.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཁི་ཝེ་ཐིའི་ཧཱ་ཝ་ལེ་ཞིང་ཆེན་དུ། མི་རྣམས་ཀྱིས་མཚོ་ཁུགས་ཀྱི་འགོག་སྲུང་དང་མཁའ་འགྲུལ་འགྲེམ་སྟོན་སྐབས་ལྔ་བར་ལྟ་བཞིན་པ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།