ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་ཡིས་ཨ་ཧྥུའུ་ཧན་ལ་རོགས་རམ་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་རྩ་མེད་དུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་དགུའི་ཉིན་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་དགོས་ངེས་ཀྱི་རྒྱབ་སྐྱོར་གང་རུང་འདོན་སྤྲོད་བྱས་ཏེ། ཨ་ཧྥུའུ་ཧན་གྱིས་རང་གི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ཚར་གཅོད་བྱེད་པར་རོགས་རམ་བྱ་རྒྱུ་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དབྱི་སི་ཐན་པོར་ནས་ཨ་ཧྥུའུ་ཧན་གནད་དོན་གྱི་དབྱི་སི་ཐན་པོར་འཕེལ་རིམ་གྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་སྐབས་བཤད་རྒྱུར། ངེས་པར་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་ནས་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱ་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་དངོས་པོ་དང་མི་ཆོས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ནས། འཇིགས་སྐུལ་རྩ་འཛུགས་ས་ཁུལ་དེར་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱ་དགོས། སྒེར་གཉེར་སྡེ་ཁག་དང་ས་ཁུལ་རང་བཞིན་གྱི་ལས་གཞི་ཡིས་ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ནུས་པ་གལ་ཆེན་འདོན་དགོས་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱིས་ཉེ་བའི་ལོ་འགའི་རིང་ལ་བླངས་པའི་གྲུབ་འབྲས་ཁོ་ན་གླེང་སྟེ། རྒྱལ་ཁབ་དེར་ཐེབས་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་སྣང་མེད་དུ་བསྐྱུར་ན། ཁ་གསབ་བྱེད་ཐབས་མེད་པའི་མཇུག་འབྲས་འབྱུང་སྲིད་ཟེར། 

ཨ་ཧྥུའུ་ཧན་གནད་དོན་གྱི་དབྱི་སི་ཐན་པོར་འཕེལ་རིམ་ནི་ཉིས་སྟོང་བཅུ་གཅིག་ལོར་ཐུར་ཁེ་དང་ཨ་ཧྥུའུ་ཧན་གྱིས་མཉམ་དུ་སྤེལ་བ་དང་། ཨ་ཧྥུའུ་ཧན་ཉེ་འཁོར་གྱི་རྒྱལ་ཁབ་དག་ཞུགས་ཡོད་ལ། ཕྱིའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཨ་ཧྥུའུ་ཧན་གྱི་མཉམ་ལས་དང་འབྲེལ་བའི་ཕྱོགས་མང་བོའི་སྟེགས་བུ་ཞིག་ཡིན་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།