ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་ཚོ་ཁག་འཁྲུག་རྩོད་ལས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དབུས་ཕྱོགས་ཀྱི་མུའུ་ཏུའུ་ཀི་ཀྲིག་ནས་ཚེས་དགུའི་ཉིན་ཚོ་ཁག་བར་གྱི་འཁྲུག་རྩོད་ཅིག་བྱུང་སྟེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔར་རྨས་ཕོག་ཡོད་ཟེར། 

མུའུ་ཏུའུ་ཀི་ཀྲིག་གི་ཀྲིག་ཀྲང་ཏིས་ལི་ཡེ་ཡིས་གསར་འགོད་པར་བཤད་རྒྱུར། ཀྲིག་དེའི་ནུབ་བྱང་ཕྱོགས་ཀྱི་ཐའོ་ཧྥེ་ཁི་སྡེ་བར། ཚོ་ཁག་གཉིས་བར་ས་ཞིང་རྩོད་གླེང་དབང་གིས་འཁྲུག་རྩོད་བྱུང་ཟེར། 

ཏིས་ལི་ཡེ་ཡིས་བཤད་རྒྱུར། འདས་པའི་དམར་གསོད་ལ་འཁོན་ལན་སློག་ཆེད། ཚོ་ཁག་གཅིག་གིས་སྔོན་ལ་དཔུང་འཇུག་བྱས། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་དྲག་པོ་བྱས། མི་ཉི་ཤུ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་ལྔར་རྨས་ཕོག་ཡོད། དེའི་ནང་མང་ཆེ་བ་ནི་འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་གཉིས་ཀྱི་མི་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།