ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་ཕྱིར་རང་རང་གི་རྒྱལ་ཁབ་ཏུ་སྐྱེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ནང་སྲིད་པུའུ་ཡིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེ་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་ཕྱིར་རང་རང་གི་རྒྱལ་ཁབ་ཏུ་སྐྱེལ་རྒྱུ་ཡིན་ཟེར། 

ཐུར་ཁེའི་ནང་སྲིད་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། ཕྱིར་རང་རང་རྒྱལ་ཁབ་ཏུ་སྐྱེལ་བའི་མི་སྣ་བཅུ་གཅིག་པོ་ཧྥ་རན་སིའི་རྒྱལ་ཁབ་ཀྱི་ཡིན་པ་རེད། གསལ་སྒྲོག་ལས་མི་སྣ་དེ་དག་གི་ཐོབ་ཐང་སོགས་གནས་ཚུལ་ཞིབ་ཏུ་བརྗོད་མེད། 

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན་ཐུར་ཁེ་ཕྱོགས་ཀྱིས་དབྱི་སི་ཐན་པོར་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བདུན་ཕྱིར་རང་རང་གི་རྒྱལ་ཁབ་ཏུ་བསྐྱལ་བ་དང་། དེའི་ནང་འཇར་མན་གྱི་མི་དྲུག་པའོ་ལེན་དུ་བསྐྱལ་བ་དང་། དབྱིན་ཇིའི་མི་གཅིག་ལོན་ཏོན་དུ་བསྐྱལ། 

ཐུར་ཁེའི་སྲིད་གཞུང་གིས་ཟླ་བཅུ་གཅིག་པར་ཁྱབ་སྒྲོག་བྱས་དོན། ཐུར་ཁེ་ཕྱོགས་ཀྱིས་ཕྱིར་རང་གི་རྒྱལ་ཁབ་ཏུ་སྐྱེལ་བའི་བྱ་བའི་མགོ་བརྩམས་ཡོད་པ་དང་། ཐུར་ཁེ་ཡིས་བཀག་འཇུག་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་སྟོང་ཕྲག་འགའ་བོ་ཕྱིར་རང་རང་གི་རྒྱལ་ཁབ་ཏུ་སྐྱེལ་བའི་འཆར་གཞི་ཡོད་པ་རེད། ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མི་དེ་དག་མང་ཆེ་བ་ནི་ཡོ་རོབ་གླིང་ནས་ཡོང་བ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།