ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁའི་བར་བཀག་འཇུག་མི་སྣ་བརྗེ་སྤོར་བྱས་པ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བདུན་ཉིན་དབྱི་ལིང་དང་ཨ་མེ་རི་ཁས་བཀག་འཇུག་མི་སྣ་བརྗེ་སྤོར་བྱས་པ་ཁས་ལེན་བྱས། 

ཨ་མེ་རི་ཁས་བཀག་འཇུག་བྱས་པའི་དབྱི་ལིང་གི་ཚན་རིག་པ་ཞིག་དང་དབྱི་ལིང་གིས་བཀག་འཇུག་བྱས་པའི་ཨ་མེ་རི་ཁའི་སྤྱི་དམངས་ཤིག་ཕྱིར་བཏང་ཡོད། 

ཀྲ་ལི་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། དགེ་རྒན་ཆེན་མོ་སུའུ་ལའེ་མན་ནེ་དང་སྐུ་ཞབས་ཝང་ཞེ་ཡོ་གཉིས་མི་འགྱངས་པར་ཁོ་ཚོའི་ཁྱིམ་མི་དང་ལྷན་འཛོམས་འབྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། 

སུའུ་ལའེ་མན་ནེ་ནི་དབྱི་ལིང་གི་ཕྲ་ཕུང་གི་ཞིབ་འཇུག་མི་སྣ་ཞིག་ཡིན་པ་དང་། ན་ནིང་ཟླ་བཅུ་བར་ཨ་མེ་རི་ཁའི་ཁྲིམས་འཛིན་སྡེ་ཁག་གིས་བཀག་འཇུག་བྱས་པ་རེད། རྒྱུ་མཚན་ནི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཞིབ་དཔྱོད་དཔོན་པོས་བལྟས་ན་ཁོས་དབྱི་ལིང་དུ་སྨན་བཅོས་ཐད་བཀོལ་བའི་སྐྱེ་དངོས་རྒྱུ་ཆ་སྐྱེལ་འདྲེན་བྱེད་འདོད་ཡོད་པ་དང་། ཨ་མེ་རི་ཁས་དབྱི་ལིང་ལ་དམིགས་པའི་ཉོ་ཚོང་བཀག་སྡོམ་དང་འགལ་ཡོད་པས་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།