ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་བདེ་འཇགས་དམག་དཔུང་གིས་རྟེན་གཞི་རྩ་འཛུགས་ཀྱི་ཁོངས་མི་ལྔ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་བདེ་འཇགས་དམག་དཔུང་གིས་ཚེས་ལྔ་ཉིན་ལྷོ་ཕྱོགས་ཀྱི་ཨ་པུའུ་དབྱང་ཞིང་ཆེན་ནས་རྟེན་གཞི་རྩ་འཛུགས་ཀྱི་ཁོངས་མི་ལྔ་འཛིན་བཟུང་བྱས་ཟེར། 

ཉིན་དེར་ཡེ་མིན་བདེ་འཇགས་དམག་དཔུང་གི་མིང་བཤད་མི་འདོད་པའི་དམག་དཔོན་ཞིག་གིས་བཤད་རྒྱུར། ཡེ་མིན་བདེ་འཇགས་དམག་དཔུང་གིས་ཨ་པུས་དབྱང་ཞིང་ཆེན་གྱི་ཞིབ་བཤེར་ས་ཚིགས་ཤིག་ནས་རྟེན་གཞི་རྩ་འཛུགས་ཀྱི་འཇིགས་སྐུལ་ཉེས་ཅན་ལྔ་འཛིན་བཟུང་བྱས་པ་དང་། འཇིགས་སྐུལ་ཉེས་ཅན་དག་གིས་བསྐོར་བའི་རླངས་འཁོར་སྟེང་དུ་མཚོན་ཆ་དང་འགད་རྫས་མང་བོ་སྦས་ཡོད་ཟེར། 

ཡེ་མིན་བདེ་འཇགས་དམག་དཔུང་གིས་ཉེ་སྔོན་ཨ་པུས་དབྱང་ཞིང་ཆེན་གྱི་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ཏེ། གནས་དེར་རྒྱུན་དུ་འགུལ་སྐྱོད་བྱེད་པའི་རྟེན་གཞི་རྩ་འཛུགས་མཐར་སྐྲོད་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།